
འདི་ནི་བུ་བཅོལ་ཁང་གི་དགེ་རྒན་གྱིས་ཕྲུ་གུ་ཚོར་རི་མོ་འབྲི་སྟངས་སློབ་བཞིན་པ།
ཉེ་ཆར། འཕྱོངས་རྒྱས་རྫོང་སྐད་གཉིས་བུ་བཅོལ་ཁང་གིས་དྭངས་གསལ་དུས་ཚིགས་གོ་སྐབས་སུ་བྱས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོར་བྱས་ཏེ། གསར་བརྗེའི་གཏམ་རྒྱུད་ཤོད་པ་དང་། བྱིས་པས་རི་མོ་འབྲི་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དེ་དང་དུས་མཚུངས་རི་མོའི་བརྩམས་ཆོས་དང་ལག་བཟོས་མེ་ཏོག་སོགས་གསར་བརྗེའི་སྔོན་བྱོན་པར་ཕུལ་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད།