དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་མཐའ་མཚམས་མངགས་གཏོང་ཁང་གིས་གཅེས་སེམས་ཁེ་ལས་དང་མཉམ་དུ་བོད་ཀྱི་སློབ་མར་སློབ་གོས་དང་སློབ་སྐྱོར་མ་དངུལ་སྤྲད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-04-04

    ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁྱུང་ཙེ་མཐའ་མཚམས་མངགས་གཏོང་ཁང་གིས་གཅེས་སེམས་ཁེ་ལས་དང་མཉམ་དུ་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་ལྟེ་བའི་སློབ་ཆུང་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་བུ་བཅོལ་ཁང་ལ་སློབ་གོས་ཆ་ཚང་852དང་གཅེས་སེམས་སློབ་སྐྱོར་མ་དངུལ་སྒོར་ཁྲི་5སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་བར་གཞིགས་ན། ད་ཐེངས་སློབ་གོས་དང་གཅེས་སེམས་སློབ་སྐྱོར་མ་དངུལ་སྤྲད་པ་ནི་ཁྱུང་རྩེ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་སྐལ་བཟང་ཉི་མས་སློབ་ཆེན་སློབ་མ་མང་པོའི་རོགས་རམ་བརྒྱུད་ཁྲང་ཧྲ་གྲོང་ཁྱེར་ཚོང་ཚོགས་དང་། ཁྲང་ཧྲ་གྲོང་ཁྱེར་བུད་མེད་ཁེ་ལས་མཁས་པའི་ཚོང་ཚོགས། ཧུའུ་ནན་སློབ་ཆེན་EDPལྟེ་བའི་གཏམ་བརྗོད་དང་སྐད་གསང་མཐོན་པོའི་དཔེ་ཀློག་མཐུན་ཚོགས། ཧྲེན་ཀྲེན་གྲོང་ཁྱེར་ཧྥེང་ཡུན་ཚན་རྩལ་ཚད་ཡོད་ཀུང་སི་སོགས་དང་འབྲེལ་གཏུག་བྱས་ཏེ། སློབ་མ་426ལ་མི་རེར་སློབ་གོས་ཆ་ཚང་2དང་དེ་བཞིན་ཧྲེན་ཀྲེན་གྲོང་ཁྱེར་ཧྥེང་ཡུན་ཚན་རྩལ་ཚད་ཡོད་ཀུང་སིའི་ཡུན་རིང་རང་བཞིན་གྱི་གཅེས་སེམས་སློབ་རོགས་མ་དངུལ་སྒོར་ཁྲི་5ཞལ་འདེབས་བརྒྱབ་པ་ཞིག་རེད།

    འདི་ལོའི་ཟླ་གསུམ་པར་སློབ་འགོ་ཚུགས་རྗེས་མངགས་གཏོང་ཁང་གིས་འཕྲལ་མར་སློབ་གྲྭ་དང་འབྲེལ་གཏུག་བྱས་ཏེ། སློབ་མར་སློབ་གོས་སྤྲད་པ་དང་སློབ་མ་ཚོས་གཅེས་སེམས་སློབ་གོས་ལེན་སྐབས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་དང་། སློབ་རོགས་མ་དངུལ་ཐོབ་པའི་སློབ་མ་ཚོས་སློབ་སྦྱོང་ཧུར་ཐག་དང་རང་སྟོབས་རང་འཕེལ་བྱས་ནས་དུས་རབས་གསར་པའི་ན་གཞོན་ཞིག་ཏུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།