དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུའི་སེམས་ཁམས་འཚར་ལོངས་ལ་དོ་སྣང་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-03

    ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་རིང་སློབ་གསོའི་གླེང་མང་བའི་གནད་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གླེང་མོལ་བྱས་ཚུལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་པེ་ཅིང་ཧྲི་ཅ་སློབ་གསོ་ཚོགས་པའི་སྤྱི་ཁྱབ་སློབ་སྤྱི་ཝང་ཧོན་གྱིས་ཚེ་གང་རིང་བརྗེད་པ་དཀའ་བར་གྱུར།

    2021ལོའི་ཟླ་3ཚེས་6ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྨན་དང་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཡང་ཞུགས་པ་རེད། ཨུ་ཡོན་ཝང་ཧོན་གྱིས་སློབ་གསོའི་ཁྱབ་ཁོངས་སུ་ལྷག་པའི་གནད་དོན་འགའ་ཞིག་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་ནན་ངང་གསན་ཞོར་དུ་དོ་ཁུར་ཆེན་པོ་གནང་ལུགས་ཀྱང་མཚོན་པར་གནང་བ་རེད།

    “སློབ་གསོའི་ཐད་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ་གང་ཞིག་ཡིན་རུང་སྐར་གྲངས་ལ་་སྣང་ཆེན་བྱས་དྲགས་རྒྱུ་མེད། སྐར་གྲངས་ནི་གནས་སྐབས་ཐོབ་པ་ཞིག་རེད། ཚེ་གང་འཚར་ལོངས་ཀྱི་དམིགས་ཚད་ལ་ལྟ་དགོས། གལ་ཏེ་མཐར་བདེ་ཐང་དང་འཐུས་ཚང་གི་མི་གཤིས་ཤིག་མ་ཆགས་ཚེ། ཚད་མི་ལོན་པ་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་གྱིས་གསུངས།

    སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེར་ཨུ་ཡོན་ཚོའི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིས་ཕྲུ་གུའི་ལུས་སེམས་བདེ་ཐང་དང་མི་གཤིས་འཐུས་ཚང་ལ་དོ་ཁུར་ཆེན་པོ་གནང་བ་མ་ཟད། འཐབ་ཕྱོགས་དང་པོའི་རྨང་གཞིའི་སློབ་གསོའི་དོན་དངོས་གནས་ཚུལ་དང་མི་སེར་གྱིས་དོ་ཁུར་བྱེད་པའི་གནད་དོན་ལ་རྒྱུས་མངའ་ཆེན་པོ་ཡོད”ཅེས་ཝང་ཧོན་གྱིས་བརྗོད།

    “གནད་དོན་དེ་དག་ཚང་མ་སྤྱི་ཚོགས་རང་བཞིན་གྱི་གནད་དོན་གྱི་ཁོངས་སུ་གཏོགས་པ་ལས། སློབ་གསོའི་སྡེ་ཚན་གཅིག་པུས་ཐག་གཅོད་ཐུབ་པ་ཞིག་མ་ཡིན་པར། སྤྱི་ཚོགས་ཀྱི་ཕྱོགས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ཀྱི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས།

    སྤྱི་ཁྱབ་ཧྲུའུ་ཅིས་ལན་བསྐྱོན་པར་ཝང་ཧོན་ལ་ལྕག་སྐུལ་ཆེན་པོ་ཐེབས་ནས“གཞི་རིམ་གྱི་སློབ་གསོའི་འཐབ་ཕྱོགས་ཀྱི་འབད་བརྩོན་ལ་དེ་བས་སྲ་ཞིང་བརྟན་པའི་རྒྱབ་རྟེན་བྱུང་སོང”ཞེས་བརྗོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན“མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་དང“ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་དགེ་རྒན་ཡག་པོ་ཞིག་བྱེད་དགོས”ཞེས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་གནད་དོན་ཐུགས་ལ་བཅངས་པས་ལོ་40ལྷག་ཙམ་སློབ་ཁྲིད་ལས་ལ་གཞོལ་མཁན་ཝང་ཧོན་གྱི་སེམས་པ་དྲོ་སོབ་སོབ་བྱུང་བ་རེད། ན་ནིང་ནས་བཟུང་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱད་པ་ལས་ཝང་ཧོན་གྱིས“སློབ་གསོའི་དུས་རབས་གསར་པ”ཞིག་ཚོར་བ་རེད།

    ན་ནིང་གི་ཚོགས་འདུ་གཉིས་གྲོལ་ནས་ཟླ་ལྔ་སོང་རྗེས་པེ་ཅིང་གྲོང་ཁྱེར་གྱི་དགེ་རྒན་གྱི་ལས་གནས་རེས་སྐོར་བཀོད་སྒྲིག་ལྟར་ཝང་ཧོན་གྱིས་ཀོ་ཤིན་ལི་སློབ་ཆུང་གི་སློབ་སྤྱི་གཅིག་ལྕོགས་གནང་བ་རེད། ཧྲི་ཅ་སློབ་གསོ་ཚོགས་པའི་ཐོན་ཁུངས་བཟང་པོར་བརྟེན་ནས་ཁོང་གིས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་དང་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འདུ་ཤེས་ལ“ས་རྒྱུ་གསར་པ”ཞིག་སྦོལ་བ་རེད།

    བདེ་ཐང་གི་གོམས་གཤིས་དང་། བདེ་ཐང་སྦྱོང་བརྡར། སེམས་གཏིང་གི་སྐད་ཆ་ཤོད་པ། རྫུ་འཕྲུལ་གྱི་ཐབ་ཚང་སོགས་སློབ་ཁྲིད་ཀྱི་ནང་དོན་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་བ་དང་གནམ་ལོ་གསར་ཚེས་ལ་ཕུལ་བའི་སྙན་ངག་སོགས་རིག་རྩལ་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    2022ལོའི་གནམ་ལོ་གསར་ཚེས་ཀྱི་སྙན་ངག་གྱེར་འདོན་ཐོག་ཀོ་ཤིན་ལི་སློབ་ཆུང་གི་སེམས་སྦུག་དོག་པའི་ནད་གཞི་ཕོག་པའི་སློབ་མ་ཞིག་སློབ་གྲྭའི་མཉམ་སྡེབ་འཁྲབ་སྟོན་ནང་ཐོག་མར་ཞུགས་ཐུབ་ཡོད།

    “ངའི་ཕྲུ་གུ་དངོས་གནས་དྲག་སྐྱེད་བྱུང་འདུག”ཉིན་དེར་ཕྲུ་གུའི་ཨ་མའི་དགའ་སྤྲོའི་མིག་ཆུ་དེ་ཝང་ཧོན་གྱི་ཡིད་ལ་ཡང་ཡང་འཁོར།

    “ཕྲུ་གུ་ཚོའི་ལུས་སེམས་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་ནི་སློབ་གསོ་གཏོང་མཁན་གྱི་ལས་འགན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཕྲུ་གུ་ཚོའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་ཚེ་གང་རིང་ཕྲུ་གུ་ཚོའི་སེམས་ཁམས་འཚར་ལོངས་ཀྱི་མེ་ཏོག་བཞད་པའི་སྒྲ་ཉན་གྱི་ཡིན”ཞེས་ཝང་ཧོན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།