དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྟོ་བཟས་མ་ཐག་ལམ་སེང་འདི་འདྲ་མ་གནང་། གཟུགས་པོར་གནོད་པ་ཧ་ཅང་ཆེ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-23

    གཅིག ལྟོ་བཟས་མ་ཐག་ཐ་མག་འཐེན་པའི་གོམས་གཤིས་ངན་པ་འདོར་དགོས།

    ལྟོ་བཟས་རྗེས་ཐ་མག་རྐང་གཅིག་ལས་མ་འཐེན་ཡང་། དེའི་གནོད་པ་ཐ་མག་རྐང་10འཐེན་པ་དང་གཅིག་མཚུངས་རེད།

    གཉིས། ལྟོ་བཟས་མ་ཐག་གཉིད་ཉལ་རྒྱུ་མེད།

    ལྟོ་བཟས་མ་ཐག་གཉིད་ཉལ་ན། ཟས་རྣམས་ཕོ་བ་དང་རྒྱུ་མའི་ནང་ལུས་ནས་འཇུ་དཀའ་བར་སོང་སྟེ། དུས་ཚོད་རིང་པོ་སོང་ན་ཕོ་རྒྱུའི་གཉན་ཚད་ཕོག་སླ་རུ་འགྲོ་གི་ཡོད།

    གསུམ། ལྟོ་བཟས་མ་ཐག་འགུལ་སྐྱོད་ཆེན་པོ་བྱེད་རྒྱུ་མེད།

    ལྟོ་བཟས་མ་ཐག་འགུལ་སྐྱོད་ཆེན་པོ་བྱས་ན། ཕོ་རྒྱུའི་འཇུ་བྱེད་ལ་ཤུགས་རྐྱེན་ཐེབས་ནས་ཟས་བཅུད་ལེན་པར་འགོག་རྐྱེན་བཟོ་གི་ཡོད།

    བཞི། ལྟོ་བཟས་རྗེས་ལམ་སེང་ཤིང་འབྲས་བཟས་ན་གྲོད་པ་སྦོས་སླ་པོ་ཡོད། 

    ལྟོ་བཟས་ནས་ཆུ་ཚོད་གཉིས་ཀྱི་རྗེས་སུ་ཤིང་འབྲས་བཟས་ན་གྲོད་པ་སྦོས་པ་དང་འཁྲོག་པ་སོགས་བྱེད་ཀྱི་མེད།

    ལྔ། ལྟོ་རྒྱགས་ཚད་བཟས་རྗེས་ལམ་སེང་གཟུགས་པོ་བཀྲུ་རྒྱུ་མེད། 

    ལྟོ་བཟས་རྗེས་གཟུགས་པོ་བཀྲུས་ན། ཡན་ལག་བཞི་དང་པགས་པའི་ངོས་སུ་ཟུངས་ཁྲག་འཁོར་རྒྱུག་བྱེད་མང་དུ་སོང་བ་མ་ཟད། ཕོ་རྒྱུར་ཟུངས་ཁྲག་འཁོར་རྒྱུག་བྱེད་ཚད་བལྟོས་བཅས་ཀྱིས་ཉུང་དུ་ཕྱིན་ནས་ཟས་འཇུ་བྱེད་ཀྱི་ནུས་པ་ཞན་དུ་འགྲོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།