དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་གསར་པར་ཕུལ་བའི་མགུར་ཆུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མགར་ཐང་དཀར།   |     སྤེལ་དུས།  2022-02-08

    ལོ་གསར་པ་གཡང་དྲུང་རི་མོ་ཡིན།།

    ཚིག་ནེམ་ཤ་ཅན་ཞིག་སྒྲིག་ནས་ཡོད།།

    ལོ་གསར་པ་བཀྲ་ཤིས་རྟགས་བརྒྱད་ཡིན།།

    དབྱངས་སྡེབ་ཁ་ཅན་ཞིག་སྒྲིག་ནས་ཡོད།།

    ལོ་གསར་པ་སྨོན་པའི་དྭངས་མ་ཡིན།།

    ལས་སྨོན་ལམ་སྟག་སེང་ཁ་སྤྲོད་ཡིན།།

    ལོ་གསར་པ་མཐུན་སྒྲིལ་མགོ་མ་ཡིན།།

    གཡང་མཐུན་པ་སྤུན་བཞི་འཁོར་ནས་ཡོད།།

    ལོ་གསར་པ་ཆུ་ཆེན་ཆུ་ཆུང་ཡིན།།

    ཆུ་དྭངས་མོའི་འབྱུང་བ་འཕྲོད་ནས་ཡོད།།

    ལོ་གསར་པ་དགུང་གི་སྐར་ཚོགས་ཡིན།།

    ཁྲ་ཆིལ་ལེར་དུང་ཟླ་བསྐོར་ནས་ཡོད།།

    ལོ་གསར་པ་ཕོ་གཞོན་འཛུམ་མདངས་ཡིན།།

    ཁ་དུང་སོ་སུམ་ཅུ་ཀྱུག་གེར་ཡོད།།

    ལོ་གསར་པ་མོ་གཞོན་ལན་བུ་ཡིན།།

    སྐྲ་ལན་ཆེན་ལན་ཆུང་ཤམ་སེ་ཡོད།།

    ལོ་གསར་པ་བཀྲ་ཤིས་གཡང་ལོ་ཡིན།།

    ནོར་གཡང་ར་སྒོ་བཞི་འཛོམས་ནས་ཡོད།།

    ལོ་གསར་པ་སྐྱིད་ཀྱི་གཞི་མ་ཡིན།།

    ལས་བསོད་ནམས་རང་བཞིན་སྒྲིག་ནས་ཡོད།།

    ལོ་གསར་པར་ལྷན་རྒྱས་ཁ་དྲོ་ཤོག །

    ལས་ཅི་བྱས་བར་ཆད་མེད་པར་སྨོན།།

    ལོ་གསར་པར་འཛམ་གླིང་བདེ་ལེཌ་ཤོག །

    མགོན་གང་བཀུར་སྙིང་ནས་སྲུང་བར་སྨོན།།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།