དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དུས་བཞིའི་རང་སྒྲ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-23

    དཔྱིད་ཀ།

    འཛིན་མའི་བཞིན་བཟང་སྣུམ་ཞག་དོད་དུ་གྱུར།།

    སྦྲང་ཆར་ཟིལ་མས་ཚེ་སྲོག་གསར་པ་སྦྱིན།།

    གངས་འཁྱགས་བཞུར་བའི་འབབ་རྒྱུན་རྣ་བར་སྙན།།

    རྩྭ་ལྗང་འབུས་པའི་ས་གཞི་ཉམས་རེ་དགའ།།

    དབྱར་ཁ།

    དབྱིག་འཛིན་བུ་མོས་སྔོ་ལྗང་གོས་སུ་བཀླུབས།།

    སྤང་ལྗོངས་ཡངས་པོར་མེ་ཏོག་སྡུག་གུར་བཞད།།

    ཕྱུགས་རིཌ་དཀར་ནག་དགའ་བདེའི་དཔལ་ལ་རོལ།།

    ཨ་ཁུ་འབྲོག་པའི་ངོ་གདོང་འཛུམ་གྱིས་ཁེངས།།

    སྟོན་ཁ།

    རབ་མཛེས་ལྟ་སྡུག་འཛིན་མའི་ཞིང་ཁམས་སུ།།

    རབ་བཟང་སྟོན་གྱི་འབྲས་བུའི་མགོ་ལྕོག་ལྡེམ།།

    རབ་གསལ་གཡང་ཁྱིམ་གྲུ་བཞིའི་བང་མཛོད་ཆེ།།

    རབ་མཆོག་འབྲུ་སྣ་ལྔ་ཡིས་བཀངས་འདི་བཟང་།།

    དགུན་ཁ།

    གསེར་ལྡན་དགའ་མས་རབ་དཀར་གོས་བཟང་གྱོན།།

    ཁྲི་གདུགས་ཉི་མའི་འོད་སྣང་རྒྱང་ནས་བཀྱེད།།

    ཆུ་ཡི་ལྷ་མོ་ཤེལ་དཀར་ཁྱིམ་དུ་གཟིམ།།

    དྲི་བཞོན་བུ་མོས་ཁེར་རྐྱང་ཤུ་གླུ་ལེན།།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།