དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་གསར་གྱི་སྟ་གོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-23

    མཐོན་མཐིང་ཨ་སྔོན་དགུང་གི་རང་མདངས་མཛེས།།

    གསེར་ལྡན་འཛིན་མའི་མངལ་གྱི་གངས་རི་མཛེས།།

    དུས་བཞིའི་ནང་གི་གྲང་རེག་ཅན་འདི་མཛེས།།

    མཛེས་གསུམ་འཛུམ་པའི་ལོ་གསར་དགའ་སྟོན་བསུ།།

    ས་ལའི་སྨན་ལྗོངས་ཁ་བས་བཀླུབས་པ་མཛེས།།

    ནོར་འཛིན་དགའ་མ་གཉིད་ལ་ཡུར་བ་མཛེས།།

    དུས་བཞིའི་ནང་གི་བསིལ་ལྡན་ཅན་འདི་མཛེས།།

    མཛེས་གསུམ་འཛུམ་པའི་བོད་ཀྱི་ལོ་གསར་བསུ།།

    གོ་ལའི་ཡང་རྩེ་གངས་ཅན་བོད་ཡུལ་མཛེས།།

    ཁ་བའི་ཡུལ་འདིར་ལོ་གསར་བསུ་ལ་གྲབས།།

    བཀྲ་ཤིས་ལོ་གསར་རྟེན་འབྲེལ་མི་འཕྱུགས་ཕྱིར།།

    ཕུན་ཚོགས་སྟ་གོན་ལྷག་བསམ་གཙང་མས་གནང་།།

    ཕྱི་རྒྱུ་ནོམ་པས་ཕྱུག་པའི་ཁང་བཟང་དང་།།

    ལོངས་སྤྱོད་ཀླུ་དང་མཉམ་པའི་རྒྱས་སྤྲོས་སོགས།།

    སུ་ལ་འཁུ་བའི་འབྱོར་པ་མེད་གྱུར་ཡང་།།

    ནང་མི་མཉམ་འཛོམས་ཡོང་བའི་ལོ་གསར་བསུ།།

    དགའ་དགའ་མཉམ་དུ་འཛོམས་པའི་ནམ་དུས་འདིར།།

    བསིལ་བསིལ་རླུང་གིས་ཉེ་དུ་ཕྱོགས་ནས་བཀུག །

    དཀར་དཀར་གངས་རིས་ཕྱོགས་བཞིའི་མགྲོན་རྣམས་འབོད།།

    སྙན་སྙན་ཤིས་ཚིག་བསྒྲོན་ནས་ལོ་གསར་བསུ།།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།