དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆུ་འབྲས་ཚོད་འདེབས་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-21

    ལོ་མང་པོ་སྐྱེ་ཐུབ་པའི་ཆུ་འབྲས་དེ་རིགས་ནི་ཞིང་པའི་ངོས་ནས་བརྗོད་ན་སོན་གྲོན་ཆུང་དང་། ལྗང་གསོ་བྱེད་མི་དགོས་པ། ཤལ་བ་རྒྱག་མི་དགོས་པ་བཅས་ཀྱི་ལེགས་ཆ་ལྡན་ལ་ཁེ་སྤོགས་མང་དུ་འགྲོ་བ་མ་ཟད། རྨོ་འདེབས་བྱེད་མི་དགོས་པའི་ལག་རྩལ་གྱིས་ཞིང་ཁའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

     ཉེ་ཆར། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་ཡུན་ནན་ཞིང་ལས་སློབ་ཆེན་ཞིང་ལས་སློབ་གླིང་ནས་ནང་འདྲེན་བྱས་པའི་ལོ་མང་པོ་སྐྱེ་ཐུབ་པའི་ཆུ་འབྲས་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྒ་སྟོད་གྲོང་ཚོར་ཚོད་འདེབས་བྱས་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།

    རྫ་ཡུལ་རོང་སྨད་གྲོང་རྡལ་སྒ་སྟོད་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ལས་དོན་རུ་ཁག་ཁག་བཅུ་པ་གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། གྲོང་ཚོར་བཅའ་སྡོད་ཀྱི་ཉིན་དང་པོར། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྒ་སྟོད་གྲོང་ཚོའི་གཞི་རྩའི་གནས་ཚུལ་དང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། ད་དུང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱས་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་གྲོང་མིའི་བསམ་འདུན་དང་རེ་སྒུག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་ཆེད། དམངས་ཀྱི་གནས་ཚུལ་གྱི་དཔྱད་གཞི་གལ་ཆེན་ཁོང་དུ་ཆུད་པར་བྱས་པ་རེད།

    བཞུགས་མོལ་ཚོགས་འདུ་འཚོགས་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱས་པ་བརྒྱུད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ཤེས་རྟོགས་བྱུང་བར། སྒ་སྟོད་གྲོང་ཚོ་གནས་སྤོས་རྗེས་མུའུ་70ལྷག་ཙམ་གྱི་ཆུ་འབྲས་འདེབས་ས་ཉར་ཡོད་མོད། འོན་ཀྱང་ཞིང་ནང་ཆུ་འདྲེན་དཀའ་བ་དང་གྲོང་མི་ཚོས་ཚན་རིག་དང་མཐུན་པའི་ཆུ་འབྲས་འདེབས་འཛུགས་ལག་རྩལ་མི་ཤེས་པ་སོགས་ཀྱིས་རྐྱེན་པས། སྒ་སྟོད་གྲོང་ཚོ་གནས་སྤོས་པ་ནས་ད་བར་ཆུ་འབྲས་འདེབས་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་ཐུབ་མེད་པ་རེད།

    ཉེ་འཁོར་དུ་ཆུ་འབྲས་འདེབས་འཛུགས་ལེགས་གྲུབ་བྱུང་བ་ཡོད་པ་མ་ཟད། རྫ་ཡུལ་རོང་སྨད་གྲོང་རྡལ་ལ་ཐུན་མོང་མ་ཡིན་པའི་ཚ་ཁུལ་ཕལ་པའི་གནམ་གཤིས་དང་ས་རྒྱུ་གཤིན་པ་སོགས་ཀྱི་ལེགས་ཆ་ལྡན་པར་དམིགས་ཏེ། བསམ་བློ་གཏིང་ཟབ་བཏང་རྗེས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་ལས་མཐོ་སློབ་ཀྱི་ལས་སྟེགས་དང་ཆེད་ལས་ལེགས་ཆར་བརྟེན་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རིག་གི་སློབ་མ་དང་འབྲེལ་གཏུག་ཧུར་ཐག་བྱ་རྒྱུའི་ཐག་བཅད། ཕྱོགས་གང་ས་ཅི་ཐད་ནས་བརྟག་ཞིབ་དང་གྲོས་བསྡུར་བྱས་མཐར་ཡུན་ནན་ཞིང་ལས་སློབ་ཆེན་ཞིང་ལས་སློབ་གླིང་གི་ཡོན་ཀྲང་དང་འབྲེལ་གཏུག་བྱས་ནས་སྒ་སྟོད་གྲོང་ཚོར་ལོ་མང་པོ་སྐྱེ་ཐུབ་པའི་ཆུ་འབྲས་ཚོད་འདེབས་བྱ་རྒྱུའི་གཏན་འཁེལ་བྱས།

    རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་པོ་སྐྱེ་ཐུབ་པའི་ཆུ་འབྲས་ནི་ཆུ་འབྲས་འདེབས་གསོའི་གསར་གཏོད་ཅིག་རེད། ཐེངས་གཅིག་མ་གཏོགས་འདེབས་དགོས་ཀྱི་མེད། ལོ་གཉིས་བསྟུད་མར་བརྔ་བསྡུ་བྱེད་པའམ་ཡང་ན་དགུན་སྒྲོལ་བྱས་རྗེས་ལོ་ཁ་ཤས་བརྔ་བསྡུ་བྱེད་ཐུབ། དེའི་རིང་སོན་ཡང་བསྐྱར་བཤོ་དགོས་མེད་ལ་ ལྗང་གསོ་དང་། རྨོ་འདེབས། ཤལ་བ་རྒྱག་པ་བཅས་བྱེད་དགོས་ཀྱི་མེད། སྲོལ་རྒྱུན་ཆུ་འབྲས་རྨོ་འདེབས་བྱེད་སྟངས་ལས་བརྒལ་ཏེ་ངལ་རྩོལ་ནུས་ཤུགས་ཉུང་ཉུང་ལས་མི་དགོས་པ་དང་། འབྲས་འདེབས་ཞིང་པའི་ངལ་རྩོལ་ཁུར་པོ་ཡང་དུ་སོང་སྟེ་ཞིང་ལས་ཐོན་སྐྱེད་གཞན་དག་བྱེད་རྒྱུའི་ཁོམ་པ་ཡོད་པ་མ་ཟད། ལོ་མང་པོ་སྐྱེ་ཐུབ་པའི་ཆུ་འབྲས་ཐོན་ཚད་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པས། ཆུ་འབྲས་སྟབས་བདེ་ཅན་གྱི་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། ལོ་མང་པོ་སྐྱེ་ཐུབ་པའི་ཆུ་འབྲས་དེ་རིགས་ནི་ཞིང་པའི་ངོས་ནས་བརྗོད་ན་སོན་གྲོན་ཆུང་དང་། ལྗང་གསོ་བྱེད་མི་དགོས་པ། ཤལ་བ་རྒྱག་མི་དགོས་པ་བཅས་ཀྱི་ལེགས་ཆ་ལྡན་ལ་ཁེ་སྤོགས་མང་དུ་འགྲོ་བ་མ་ཟད། རྨོ་འདེབས་བྱེད་མི་དགོས་པའི་ལག་རྩལ་གྱིས་ཞིང་ཁའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་སོགས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།