
འདི་ནི་སློབ་ཆུང་སློབ་མ་ཚོས་མིག་མངས་རྩེད་བཞིན་པ།
ཉེ་ཆར“རྒྱུག་ཤར་གློད་ཅིག་གཞོན་ནུ་ཚོ”ཞེས་པའི་བརྗོད་དོན་གཙོ་བོའི་བོད་རང་སྐྱོང་ལྗོངས་ཀྱི“ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ་བའི”བྱེད་སྒོ་དང་རྒུ་རུམ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་མིག་མངས་འགྲན་བསྡུར་ཆེ་མོའི་བྱེད་སྒོ་རྒུ་རུམ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གཞོན་ནུ་ལོ་ཆུང་ལུས་རྩལ་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ། རང་སྐྱོང་ལྗོངས་མིག་མངས་མཐུན་ཚོགས་དང་རྒུ་རུམ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་གཉེར་འགན་ཁུར་བ། ལྷ་ས་བྱང་ཆུབ་སློབ་གསོ་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་གི་མིག་མངས་སྒྱུ་རྩལ་སློབ་གྲྭར་སྔར་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ཡིན་པ་རེད།