
འདི་ནི་གསེར་རྙེད་ཆུས་སྨན་རྩིས་ཁང་གི་དང་བླངས་པ་ངག་དབང་སྐལ་བཟང(གཡས་ཀྱི་དང་པོ)གིས་རྒན་རྒོན་ཞིག་གི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་གསེར་རྙེད་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ“དགུ་པའི་ཚེས་དགུའི་ཉིན་མོར་རྒན་བཀུར་བྱེད། ནག་ཆུར་བརྩེ་སེམས་ཟབ་མོ་འཆང་བའི”བྱེད་སྒོ་སྤེལ་ནས་ཏང་ཡོན་དང་བླངས་ཞབས་འདེགས་རུ་ཁག་སྒྲིག་འཛུགས་བྱས་ཏེ། གསེར་རྙེད་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་འདེགས་ལྟེ་གནས་སུ་བསྐྱོད་ནས་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་པའི་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།