དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ལ་བརྟེན་ནས་ཤིང་སོན་རྟེན་གཞི་བསྐྲུན་ཏེ་མང་ཚོགས་ལ་ཕན་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-22

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཤིང་སོན་རྟེན་གཞི་ནི་2017ལོར་བཙུགས་པ་དང་ས་ཆའི་རྒྱ་ཁྱོན་མུའུ་ཁྲི་1ཙམ་ཡོད་ཅིང་། ཚན་རྩལ་དབུལ་སྐྱོར་གྱི་སོན་འདེབས་ཚན་ཞིབ་ཁུལ་དང་། ཚན་རྩལ་དབུལ་སྐྱོར་གྱི་སོན་འདེབས་དཔེ་སྟོན་ཁུལ། སྐྱེ་ཁམས་སླར་གསོའི་དཔེ་སྟོན་ཁུལ་བཅས་ས་ཁོངས་གསུམ་ལ་དབྱེ་ཡོད། རྟེན་གཞི་དེས་ཐོག་མཐའ་བར་གསུམ་དུ“སྔོན་ལ་ཚན་རིག་ཞིབ་འཇུག་དང་རྗེས་སུ་སླར་གསོ་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། “ཤིང་འདེབས་འཚམ་སར་ལྗོན་ཤིང་འདེབས་པ་དང་རྩྭ་འདེབས་འཚམ་སར་རྩྭ་འདེབས་པའི”རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དང་འབྲེལ། “ཡུལ་དེ་གའི་རྩི་ཤིང་ནང་འདྲེན་དང་འདུལ་གསོ་བྱས་ནས་སྐྱེ་ཁམས་སླར་གསོ”བྱ་ཐབས་བརྒྱུད་རང་ལྗོངས་སུ་ཚན་རིག་ཞིབ་འཇུག་ལས་དོན་སྤེལ་གྱི་ཡོད།

    2017ལོ་ནས་བཟུང་རྟེན་གཞི་དེས་བོད་ཀྱི་ས་ཁོངས་ཡོངས་སུ་ཤིང་སོན་ཐོན་ཁུངས་འཚོལ་བསྡུ་བྱས་པ་དང་། ལོ་གསུམ་རིང་རི་ཐང་དུ་ལས་ཀ་བྱས་པ་བརྒྱུད་བོད་ཀྱི་ཡུལ་སྐྱེས་རྩི་ཤིང་སྣ་ཁ་200ལྷག་ཙམ་འཚོལ་བསྡུ་ཐུབ་ཡོད། ཡུལ་དེ་རང་གི་རྩི་ཤིང་འཚོལ་བསྡུ་བྱས་པའི་ནང་སྔ་རྗེས་སུ་སྐྱེ་དངོས་སྣ་ཁ་76ཚོད་འདེབས་བྱས་པའི་ཁྲོད་ནས་སྐྱེ་དངོས་སྣ་ཁ31ལ་མྱུ་གུ་འབུས་ཡོད། དེ་དང་ཆབས་ཅིག་མྱུ་གུ་འབུས་པ་དང་། སྐྱེ་ཚུལ། འགོག་ནུས་སོགས་ཀྱི་གནས་ཚུལ་ཐོ་བཀོད་བྱས་ཡོད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “མིག་སྔའི་འདུལ་གསོའི་ལས་དོན་ཁྲོད་ང་ཚོས་གཙོ་གནད་ཐོག་བདམས་པའི་གངས་ལྷ་མེ་ཏོག་སྔོན་པོ་དང་། ཧི་མ་ལ་ཡའི་བ་སྤུའི་མེ་ཏོག རང་སྐྱེས་སོགས་གྲོང་གསེབ་ཀྱི་རྩི་ཤིང་སྣ་ཁ་10ལྷག་ཙམ་གྱི་སྐྱེ་ཚུལ་ལེགས་ལ། སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་གི་ནུས་པ་ངེས་ཅན་ལྡན་ཡོད”

    རི་སྐྱེས་རྩི་ཤིང་འདུལ་གསོ་བྱས་པ་བརྒྱུད། ད་ཆ་རྟེན་གཞི་དེའི་ནང་གསོས་པའི་སྡོང་ཕྲུག་ཁྲོད་རྒྱུན་ལྗང་སྡོང་རིང་དང་། ལོ་ལྷུང་སྡོང་རིང་། འབྲས་ཤིང་། མེ་ཏོག་བཅས་དང་། དེ་བཞིན་ཚ་ཁུལ་གྱི་སྡོང་ཕྲུག་ཁྲི་278.64ཡོད་པ་རེད།

    ཁོར་ཡུག་ལེགས་སུ་བཏང་བ་དང་ཆབས་ཅིག་རྟེན་གཞི་དེས་ས་གནས་དེ་གའི་མི་སེར་ལ་ཕན་པ་མི་ཉུང་བ་ཞིག་སྦྱིན་ཡོད། གྲོང་ཚོའི་མཉམ་སྡེབ་ལ་ས་ཞིང་མུའུ་8200ནང་བཤུག་བཏང་བ་དང་མུའུ་རེ་ལ་ལོར་བོགས་དངུལ་སྒོར་50སྤྲོད་པ་དང་གྲོང་ཚོའི་མཉམ་སྡེབ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་41རག་ནས་དུད་ཚང་178ཀྱི་མི་818ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། རྣམ་གྲངས་བསྐྲུན་པ་ནས་2021ལོའི་ཟླ་5པའི་བར་ལས་མིར་རིམ་རྩིས་བྱས་ན་གླ་ཆ་སྒོར་ཁྲི་2231སྤྲད་ཡོད། དེ་དང་ཆབས་ཅིག་རྣམ་གྲངས་གནས་ཡུལ་རྔ་སྒྲ་ཤང་གི་ལས་གྲྭའི་འཕྲུལ་ཆས་གླས་པ་དང་བོགས་གླ་སྒོར་ཁྲི་842སྤྲད་པ་རེད།

    ཤིང་སོན་རྟེན་གཞིའི་ལག་རྩལ་མི་སྣ་ཡིན་པའི་རིན་ཆེན་ནོར་བུས་གསར་འགོད་པར“རྟེན་གཞིར་ལས་ཀ་བྱས་ན་ཉིན་གཅིག་ལ་གླ་ཆ་སྒོར་160སྤྲོད་ཀྱི་འདུག་ལ། ཁྱིམ་དང་ཐག་ཉེ་བ་མ་ཟད། འདེབས་འཛུགས་ལག་རྩལ་ཡང་སྦྱོང་ཐུབ་ཀྱི་འདུག རྟེན་གཞི་བསྐྲུན་པ་ནས་བཟུང་མི་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་གྲོང་མིས་ཁང་པའི་རྒྱབ་མདུན་དུ་རྩྭ་འདེབས་ཤིང་འཛུགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད”ཅེས་བརྗོད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།