དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱ་ཐབས་སྣ་ཚོགས་སྤྱད་དེ་རང་ལྗོངས་ཀྱི་ས་བོན་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-10-14

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་གསབ་རྒྱུའི་ལས་འགན་ལ་དམ་པོར་དམིགས་པའི་ཁར། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་སྤྱིའི་དམ་འཛིན་བྱ་གཞིར་བྱས་ཏེ། ས་བོན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གསར་པ་སྐྱེད་སྲིང་དང་གཞན་སྒྱུར་ཤུགས་ཆེན་བྱེད་པ། རང་ལྗོངས་ཀྱི་ས་བོན་ལས་རིགས་ཀྱི་སྤུས་ཚད་མཐོར་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ལྗོངས་ཞིང་ལས་ཚན་རིག་ཁང་གིས་སྣོད་བཅུད་ས་ཁོངས་མི་འདྲ་བའི་ཞིང་ལས་ཐོན་སྐྱེད་ཀྱི་ད་ཡོད་གནས་ཚུལ་དང་དགོས་མཁོ་དངོས་ལ་གཞིགས་ཏེ། ནས་དང་། གྲོ པད་ཁ་སོགས་གཙོ་ཆེའི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་འདེམས་གསོར་ནུས་ཤུགས་ཡོད་རྒུས་ཞིབ་འཇུག་བྱས་ཏེ། སྔ་རྗེས་སུ་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གསར་པ17ཞིབ་བཤེར་གཏན་འབེབས(གཏན་འཁེལ)བྱས་ཤིང་། རིམ་རྩིས་བྱས་ན། ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གསར་པ་10དཔེ་སྟོན་གྱི་སྒོ་ནས་ཁྱབ་གདལ་བཏང་བ་དང་མ་ཟད། རང་རྟེན་སྐྱེད་སྲིང་བྱས་པའི“བོད་ནས་ཨང་2000”དང“དགུན་གྲོ་ཨང་18”སོགས་མིག་སྔར་གཙོ་འདེབས་ས་བོན་རིགས་སུ་གྱུར་ཡོད།

    མིག་སྔར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཏོང་ཆ་མུ་མཐུད་བཏང་བར་བརྟེན་ལྗོངས་ཞིང་ལས་ཚན་རིག་ཁང་གིས“ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་གྱི་ནས་དང་འབྲི་གཡག་གི་རྒྱུད(སོན)ཁུངས་དང་རྒྱུད་པ་ལེགས་གཏོང་གི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང”སོགས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་བསྐྲུན་པ་དང་། “བོད་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་བཟང་སྒྱུར་དང་ས་བོན་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་རྟེན་གཞི”སྐྲུན་བཞིན་པ། ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་རགས་ཙམ་བསྐྲུན་པ་བཅས་ལས་རང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ལས་རིགས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།