ཁྱེད་ཀྱིས་ཤེས་སམ། ཚྭ་ནི་ཟས་ལ་བྲོ་བ་སླེབས་ཆེད་སྤྱོད་པའི་རྒྱུ་འབའ་ཞིག་མིན་པར། འཚོ་བའི་ཁྲོད་སྤྱོད་གོ་མང་པོ་ལྡན་ཞིང་། ལ་ལ་ནི་ང་ཚོའི་བསམ་ཡུལ་ལས་འདས་པའང་འདུག
1. ཚྭས་མེ་ཏོག་གི་བཞད་ཡུན་རིང་དུ་གཏོང་ཐུབ། ཆུ་བླུག་པའི་བུམ་པའི་ནང་གསོས་པའི་མེ་ཏོག་ལ་ཚྭ་ཏོག་ཙམ་བླུགས་ན། མེ་ཏོག་ལྷུག་པོར་བཞད་ལ་བཞད་ཡུན་རིང་དུ་འགྲོ།
2. ཚྭས་ཤིང་འབྲས་ཐོག་གི་ཞིང་སྨན་སེལ་ཐུབ། ཤིང་འབྲས་འཁྲུ་བའི་སྐབས་ཚྭ་ཏོག་ཙམ་བླུགས་ནས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སྦངས་ན་ཤིང་འབྲས་སྟེང་གི་ཞིང་སྨན་དག་འགྲོ་གི་ཡོད།
3. ཚྭས་སྤྱན་གཟིགས་ཉ་མོའི་ཚེ་ཚད་སྲིང་ཐུབ། ཉ་གསོ་བྱེད་ཀྱི་གཞོང་པའི་ནང་ཏཱན་རྒྱུ་མེད་པའི་ཚྭ་ཕྲན་བུ་བླུགས་ན། ཉ་དུས་ཡུན་རིང་པོ་འཚོ་ཐུབ།
4. ཚྭས་ཆུ་མོག་མི་རྡོལ་བ་ཡོང་ཐུབ། སྔོན་ལ་གྲོ་ཞིབ་ནང་ཚྭ་ཕྲན་བུ་བླུགས་ནས་བརྫིས་པ་དང་། ཆུ་མོག་བཙོ་སྐབས་ཆུའི་ནང་ཚྭ་ཕྲན་བུ་བླུགས་ན་ཆུ་མོག་མི་རྡོལ་བ་ཡོང་ཐུབ། ད་དུང་ཐུག་པ་བསྐོལ་དུས་དེ་ལྟར་བྱས་ན་ཐུག་པ་འདག་འདག་ཆགས་མི་སྲིད།
5. ཚྭས་སོའི་ནད་འབུ་ཕྲ་མོ་སེལ་ཐུབ། སོ་འཁྲུ་སྐབས་སོ་སྨན་ལ་ཚྭ་ཏོག་ཙམ་བྱུགས་ན་ཁ་ནང་གི་ནད་འབུ་ཕྲ་མོ་སེལ་ཐུབ།
6. ཚྭས་གོས་ཀྱི་ཚོས་གཞི་ལོག་པ་འགོག་ཐུབ། ཚོས་འབུད་སླ་བའི་གོས་མ་བཀྲུས་གོང་། ཚྭ་ཆུར་ཆུ་ཚོད་གཅིག་གཉིས་སྦངས་རྗེས་བཀྲུས་ན། གོས་ཀྱི་ཚོས་གཞི་སྔར་བཞིན་གནས་ཐུབ།
7. ཚྭས་ཇ་དྲེག་དག་ཐུབ། དཀར་ཡོལ་ལ་ཇ་དྲེག་འཁོར་སླ་བས། དཀར་ཡོལ་འཁྲུ་སྐབས་ཇ་དྲེག་ཡོད་སར་ཚྭ་བྱུགས་ནས་འཕུར་ན་དྲེག་པ་དག་སླའོ།