ཉེ་ཆར། 《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་པ་དང་། པེ་ཅིང་དང་། ཀན་སུའུ། བོད་ལྗོངས་སོགས་ནས་ཡོང་བའི་མི་གྲངས་70ལྷག་ཙམ་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ཚོགས་འདུའི་དམིགས་ཡུལ་ནི་སྲིད་འཛིན་དོ་དམ་སྡེ་ཚན་དང་ཁེ་ལས་ཀྱི་གཉེར་སྐྱོང་བས《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞིར་བཟོ་བཅོས་རྒྱག་པའི་རྒྱབ་ལྗོངས་དང་། དམིགས་ཚད་མ་ལག ཚད་ལྡན་ལག་རྩལ་མ་ལག་དེ་བཞིན་ལག་བསྟར་བླང་བྱ་སོགས་ཀྱི་ནང་དོན་སྔར་བས་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། 《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དྲིལ་བསྒྲགས་དང་། ལག་བསྟར། གསལ་འགྲེལ་བཅས་བྱེད་པ་མ་ཟད། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཞིབ་བཤེར་སྒྲིག་གཞི་དང་། གསོག་ཉར་དང་། ལས་སྣོན་བྱེད་མཁན་ཁེ་ལས་ཀྱི་འབྲེལ་ཡོད་མི་སྣར་ལག་རྩལ་དངོས་སྦྱོང་གསོ་སྦྱོང་བྱས་ནས། 《ནས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་རྨང་གཞི་བརྟན་པོ་འདིང་ཆེད་རེད།