གཅིག སྨན་གྱི་ཁ་གཅོད་དམ་པོར་རྒྱག་པ་དང་སྐམ་ཤས་ཆེ་སར་འཇོག་པ། འོད་མི་ཕོག་པར་བྱེད་པ། བསིལ་སར་འཇོག་པ་བཅས་ནི་སྨན་ཉར་ཚགས་བྱེད་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་གནད་ཅིག་རེད། དེའི་རྒྱུ་མཚན་ནི་མཁའ་རླུང་རྒྱུ་སར་བཞག་སྟེ་འོད་ཕོག་ན། སྨན་གྱི་ངོ་བོ་འགྱུར་བ་དང་སྨན་ནུས་ཡལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། དེ་བས་སྨན་ཟས་མ་ཐག་མྱུར་དུ་ཁ་གཅོད་དམ་པོར་རྒྱག་དགོས། ཤོག་ཐུམ་དུ་བསྒྲིལ་བའི་སྨན་ཡིན་ཚེ། རིགས་དབྱེ་ནས་ཤེལ་དམ་ནང་དུ་བླུགས་ཏེ་ཁ་གཅོད་དམ་པོར་རྒྱག་དགོས།
གཉིས། སྨན་བླུགས་སའི་ཤེལ་དམ་དང་སྒམ་ཆུང་སྟེང་སྨན་གྱི་མིང་དང་ཕན་ནུས། ཟ་སྟངས་སོགས་གསལ་པོར་བྲིས་ན། སྨན་ཟ་སྐབས་དེ་བས་སྟབས་བདེ་པོ་ཡོད།
གསུམ། རྒྱུན་དུ་སྨན་གྱི་གོ་ཆོད་དུས་ཡུན་ལ་བལྟས་ནས་སྨན་གྱི་དུས་ཚོད་ཡོལ་ཡོད་མེད་ལ་ཡིད་གཟབ་བྱེད་དགོས། གལ་ཏེ་སྨན་གྱི་དུས་ཚོད་ཡོལ་ནས། ཁ་དོག་འགྱུར་བ་དང་སོབ་སོབ་ཆགས་པ། སྤྱིན་ཐུམ་འབྱར་བ། འབུས་བཟས་པ། རུལ་བ་སོགས་མཐོང་ཚེ་གཏན་ནས་ཟ་མི་རུང་།
བཞི། རྒྱུན་དུ་བྱིས་པ་དང་སྨྱོན་པས་རེག་མི་ཐུབ་སར་འཇོག་དགོས། དེ་ལྟར་མ་བྱས་ཚེ་ཉེན་ཁ་འབྱུང་སྲིད། འཐུང་སྨན་དང་བྱུགས་སྨན་ངེས་པར་དུ་སོ་སོར་ཉར་ཚགས་བྱེད་དགོས་པ་ལས་མཉམ་དུ་འཇོག་མི་རུང་། ཁྱིམ་ཚང་ནང་སྤྱོད་པའི་དུག་སེལ་སྨན་དང་ཞིང་སྨན། དུག་སྦྲང་དང་བྱི་བ་གསོད་པའི་སྨན་སོགས་མིས་ཟ་བའི་སྨན་དང་མཉམ་དུ་ཉར་ཚགས་བྱེད་མི་རུང་།
ལྔ། གཤེར་ཁུའི་རིགས་ཀྱི་སྨན་ཡིན་ཚེ་སྨན་གྱི་གསལ་བཤད་ཐོག་འཁོད་པའི་དྲོད་ཚད་གཞིར་བཟུང་ཉར་ཚགས་བྱེད་དགོས་ལ། རབ་བྱུང་ན་དྲོད་ཚད་ཧྲེ་ཧྲི་ཏུའུ་གཉིས་ནས་བཅུ་བར་ཡིན་པའི་འཁྱག་སྒམ་ནང་དུ་བཞག་ན་ཡག་པོ་ཡོད།