དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་ཚན་རྩལ་གྱི་ལེགས་ཆ་བཏོན་ནས་གཟན་རྩྭའི་ལས་རིཌ་འཕེལ་རྒྱས་ལ་རམ་འདེཌ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-28

     གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོཌ་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ལྗོངས་ཕྱི་ནང་གི་རྩྭ་ལས་ལག་རྩལ་གསར་གཏོད་ཚོཌ་པ་སྤྱི་འདོམས་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་4800བཏང་ནས་བོད་ཀྱི་ས་བབ་མཐོ་ཚད་སྨི་4600མན་གྱི་ས་ཁོངས་སུ་མི་ཐབས་གཟན་རྩྭ་འདེབས་པ་དང་དེ་མཚུངས་ཀྱི་ལྷན་སྦྱར་ལག་རྩལ་མ་ལག་རཌ་ཙམ་བསྐྲུན་ཏེ་རང་སྐྱོང་ལྗོངས་ཀྱི་གཟན་རྩྭ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་ལག་རྩལ་གྱི་འདེཌ་སྐྱོར་བྱས་པ་རེད།

    2020ལོའི་ཟླ་10པར། ལྗོངས་ཚན་རྩལ་ཐིང་གིས་སྒྲིག་འཛུགས་དང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ལག་ལེན་བསྟར་བའི《ཕྱུགས་རྩྭ་བསྲེས་འདེབས་བྱས་ཏེ་ཐོན་འབབ་མང་དུ་གཏོང་བའི་ལག་རྩལ་གཞན་སྒྱུར་གྱི་དཔེ་སྟོན》རྣམ་གྲངས་ནི་ད་ཐེངས་ཀྱི་ལས་དོན་དེའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    རྣམ་གྲངས་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། ཚན་ཞིབ་མི་སྣས་ཀོང་པོ་རྒྱ་མདའ་རྫོང་གི་གནམ་གཤིས་ཆ་རྐྱེན་ལ་དམིགས་ཏེ་ཆེད་མངགས་དེ་གར་འཚམ་པའི་ཕྱུགས་རྩྭའི་སྣ་ཁ་དང་སྤུས་ལེགས་ཐོན་མཐོའི་གཟན་རྩྭ་དང་སྲན་མ་བསྲེས་འདེབས་བྱས་པ་མ་ཟད། ཕྱུགས་རྩྭ་དང་། རྫས་ལུད། འཕྲུལ་ཆས་ཀྱི་ཟད་གྲོན་ཁ་གསབ་སོགས་ཀྱི་ཞབས་འདེགས་རིན་མེད་ངང་མཁོ་འདོན་བྱས་པ་དང་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སོགས་ཀྱི་མང་ཚོགས་དུད་ཚང་100ལྷག་ཙམ་ལ་ཕན་པ་ཐོབ་པ་དང་གཟན་རྩྭ་དང་སྲན་མ་བསྲེས་འདེབས་ཀྱི་ཐོན་འབབ་མང་བའི་འདེབས་སྟངས་གཞན་སྒྱུར་གྱི་དཔེ་སྟོན་ཁུལ་མུའུ་4000ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།