དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མཆིན་པས་ང་ཚོར་འདི་འདྲ་ཟེར་གྱི་འདུག ལན་གཅིག་གསོན་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-20

    ངའི་མིང་ལ་མཆིན་པ་ཟེར་གྱི་ཡོད། ང་རྣམ་ཀུན་སྐད་ཆ་ཤོད་རྒྱུར་དགའ་པོ་མེད།  འོན་ཀྱང་། ནམ་ཞིག་ངས་ཁྱེད་ལ་ན་ཟུག་དང་བཅས་པའི་བརྡ་གཏོང་དུས། ཕལ་ཆེར་ང་ཚོ་ཁ་འབྲལ་ལ་ཉེ་བའི་དུས་སུ་སླེབས་པ་ཡིན།

    ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ། ངས་སྐར་མ་3རེར་ཁྱེད་ཀྱི་གཟུགས་པོའི་ཁྲག་ཡོངས་ལ་དྭངས་སིང་རེ་ཕྱེ་ནས་ཉིན་རེར་དྭངས་སིང་ཐེངས་480དང་། ལོ་རེར་དྭངས་སིང་ཐེངས་175200ཕྱེ་ཡི་ཡོད། མ་གཞི་ངས་ཁྱེད་ལ་དུག་སེལ་བྱེད་གང་ཐུབ་བྱས་རུང་། ཁྱེད་ཀྱིས་མཚན་མོའི་ཆུ་ཚོད་12ཙམ་ལ་སླེབས་ཀྱང་མ་ཉལ་བ་དང་། ནམ་ཞག་རྒྱུན་དུ་ཆང་རག་བཏུངས་པ། དོན་མེད་ཁོང་ཁྲོ་ཟ་བ། ད་དུང་ཤ་རྡོག་འཚོས་ཚད་མེད་བཟས་ཏེ་ཟས་སྤྱོད་ལ་དོ་སྣང་རྩ་བ་ནས་མི་བྱེད་པའི་ཁར། ངའི་ཤ་རྩི་ནག་པོ་ཆགས་བཞག ཕོ་བ་བདེ་པོ་མི་འདུག་ཅེས་འཁང་ར་རྐྱང་རྐྱང་བྱེད་ཀྱི་འདུག

    སྦྱིན་བདག་ལགས། ཁྱེད་ཀྱིས་རྟག་ཏུ་རང་ཉིད་ཀྱི་མོ་ཊར་བདག་སྐྱོང་བྱེད་དུས། ང་ལའང་བདག་སྐྱོང་བྱེད་དགོས་པ་དྲན་མྱོང་ངམ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།