དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཛམ་གླིང་གི་ཁ་ཞེང་ཆེ་ཤོས་ཀྱི་ཀྱོག་འཕྲོའི་འོད་རིག་རྒྱང་ཤེལ་བོད་དུ་བསྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-16

    ■ ད་ཐེངས་བསྐྲུན་འགོ་ཚུགས་པའི་སྨི་གཅིག་རིམ་པའི་འོད་རིག་རྒྱང་ཤེལ་ནི་འཛམ་གླིང་ཐོག་ཁ་ཞེང་ཆེ་ཤོས་ཀྱི་ཀྱོག་འཕྲོའི་རྣམ་པའི་འོད་རིག་རྒྱང་ཤེལ་ཞིག་ཡིན་པ་དང་། འདི་ལོར་བསྐྲུན་འགོ་ཚུགས་པའི་བོད་ལྗོངས་གནམ་དཔྱད་ཁང་དུ་སྒྲིག་སྦྱོར་བྱེད་རྩིས་ཡོད་པ་རེད།

    ■ ལྷ་སའི་ས་བབ་མཐོ་བ་དང་ལྟ་དཔྱད་ཚད་འཇལ་གྱི་ཆ་རྐྱེན་བཟང་བའི་ལེགས་ཆར་བརྟེན་པས། རྒྱང་ཤེལ་དེར་ཚན་རིག་ཁྱབ་གདལ་དང་ཆེད་ལས་ཀྱི་ལྟ་དཔྱད་ཚད་འཇལ་གྱི་ནུས་པ་གཉིས་ལྡན་ཡོད། དེས་ཆེད་ལས་ཞིབ་འཇུག་ཚོགས་པའི་དགོས་མཁོ་སྐོང་རྒྱུ་མ་ཟད། ད་དུང་སྤྱི་དམངས་ཀྱིས་ལྟ་སྐོར་བྱེད་པར་བེད་སྤྱོད་ཀྱང་ཐུབ་རྒྱུ་རེད།

    ཟླ་3ཚེས་10ཉིན་བོད་ལྗོངས་གནམ་དཔྱད་ཁང་གི་ས་བབ་མཐོ་བའི་ས་ཁུལ་གྱི་ཚན་ཞིབ་དང་དེ་བཞིན་ཚན་རིག་ཁྱབ་གདལ་གྱི་ནུས་པ་གཉིས་ལྡན་གྱི་སྨི་གཅིག་རིམ་པའི་འོད་རིག་གནམ་དཔྱད་རྒྱང་ཤེལ་འཛུགས་སྐྲུན་གྱི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་ཤིང་། ངོ་སྤྲོད་བྱས་པ་གཞིར་བཟུང་། ད་ཐེངས་བསྐྲུན་འགོ་ཚུགས་པའི་སྨི་གཅིག་རིམ་པའི་འོད་རིག་རྒྱང་ཤེལ་ནི་འཛམ་གླིང་ཐོག་ཁ་ཞེང་ཆེ་ཤོས་ཀྱི་ཀྱོག་འཕྲོའི་རྣམ་པའི་འོད་རིག་རྒྱང་ཤེལ་ཞིག་ཡིན་པ་དང་། འདི་ལོར་བསྐྲུན་འགོ་ཚུགས་པའི་བོད་ལྗོངས་གནམ་དཔྱད་ཁང་དུ་སྒྲིག་སྦྱོར་བྱེད་རྩིས་ཡོད་པ་རེད། རྒྱང་ཤེལ་འདིའི་ཞིབ་ཕྲའི་འཛུགས་སྐྲུན་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱིས་སྣེ་ཁྲིད་པ་དང་། ཀྲུང་གོ་ཚན་རིག་ཁང་ཙེ་ཅིན་ཧྲན་གནམ་དཔྱད་ལས་ཁུངས་དང་། ཀྲུང་གོ་ཚན་རིག་ཁང་ཁྲུན་ཀོང་ལས་ཁུངས། ཧྥུའུ་ཅན་འོད་རིག་མ་རྐང་ཚད་ཡོད་ཀུང་སི། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་ཐུན་མོང་ཐོག་བསྐྲུན་འགན་འཁུར་བ་ཞིག་རེད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅུན་ཅེ་ཡིས། རྒྱང་ཤེལ་དེ་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་ནས་བསྐྲུན་པ་ཞིག་ཡིན། འཛུགས་སྐུན་བྱེད་རིང་ལག་རྩལ་གྱི་དཀའ་ངལ་མང་པོ་ཁྱད་བསད་བྱས་ཡོད། ལྷ་སའི་ས་བབ་མཐོ་བ་དང་ལྟ་དཔྱད་ཚད་འཇལ་གྱི་ཆ་རྐྱེན་བཟང་བའི་ལེགས་ཆར་བརྟེན་པས། རྒྱང་ཤེལ་དེར་ཚན་རིག་ཁྱབ་གདལ་དང་ཆེད་ལས་ཀྱི་ལྟ་དཔྱད་ཚད་འཇལ་གྱི་ནུས་པ་གཉིས་ལྡན་ཡོད། དེས་ཆེད་ལས་ཞིབ་འཇུག་ཚོགས་པའི་དགོས་མཁོ་སྐོང་རྒྱུ་མ་ཟད། ད་དུང་སྤྱི་དམངས་ཀྱིས་ལྟ་སྐོར་བྱེད་པར་བེད་སྤྱོད་ཀྱང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    “རྒྱང་ཤེལ་འཛུགས་སྐྲུན་དེས་ཚན་རྩལ་གྱི་འགག་སྒྲོལ་བརྒྱུད་ཁ་ཞེང་ཆེ་བའི་ཀྱོག་འཕྲོའི་གནམ་དཔྱད་རྒྱང་ཤེལ་གྱི‘འཇུར་མིག’གནད་དོན”ཐག་གཅོད་ཧུར་ཐག་བྱ་རྒྱུ་རེད་ཅེས་ཝང་ཅུན་ཅེ་ཡིས་བརྗོད། ཁོང་གིས་དེ་བསྐྲུན་རྗེས་བོད་ཀྱི་གནམ་དཔྱད་ཁང་གི་སྨི་རིམ་པའི་འོད་རིག་གནམ་དཔྱད་རྒྱང་ཤེལ་ལ་གནམ་དཔྱད་ཚན་ཞིབ་ཀྱི་ལྟ་དཔྱད་ཚད་འཇལ་གྱི་ནུས་པ་ཆེན་པོ་ལྡན་པ་ཕུད། ད་དུང་ཉིན་མོ་དང་མཚན་མོའི་མིག་མཐོང་ལྟ་དཔྱད་ཚད་ལེན་དང་། གནམ་དཔྱད་པར་རྒྱག དྲ་ཐོག་ཐད་གཏོང་། རྒྱང་ཁྲིད་སློབ་གསོ་སོགས་ཚུད་པའི་ཚན་རིག་ཁྱབ་གདལ་གྱི་ནུས་པ་ཡང་ལྡན་ཡོད། དེས་བོད་ཀྱི་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་གྱི་ལས་དོན་ལ་ཞབས་འདེགས་གང་ལེགས་ཞུ་རྒྱུ་རེད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།