དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ཡར་ཐོན་གྱིས་བོད་ཀྱི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་45.6%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-02-01

    ■ “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་ཀྱི་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་45.6%དང་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་55%ཟིན་པ།

    ■ ལོ་5ཡི་རིང་། བོད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་ཚན་རྩལ་འཆར་འགོད་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་16.3དོན་འཁྱོལ་དང་བཀོད་སྒྲིག་བྱས་པ།

    ■ ལོ་5ཡི་རིང་། བོད་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཞིབ་སྤེལ་འགྲོ་གྲོན་སྒོར་དུང་ཕྱུར་12ལས་བརྒལ་བ།

    ■ “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་། ང་ཚོས‘བོད་ནས་ཨང་16པ’སོགས་ནས་སོན་སྣ་ཁ་གསར་པ་10དང་དེ་བཞིན‘བོད་ཀྱི་དགུན་གྲོ་ཨང་26པ’སོགས་ལོ་ཏོག་གི་སོན་གསར་པ་ཁག་གཅིག་འདེམས་གསོ་བྱས་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཚན་རྩལ་གསར་གཏོད་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་ཀྱི་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་45.6%དང་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་55%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5.6དང་10སོ་སོར་འཕར་ཡོད་པ་རེད།

    དེ་སྔོན་གྲང་ངར་ཆེ་བའི་དགུན་དུས་སུ་མེ་ཁོ་ན་གཏོང་དགོས་སྟབས“ཁང་པའི་དུ་ཁུང་ནས་དུ་བ་ལང་ལོང་དུ་འཕྱུར་བ་དང་ཁང་པའི་ནང་དུ་བས་ཁེངས་པ”དེ་ནི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་མང་པོ་ཞིག་གི་འཚོ་བའི་རྣམ་པ་ཡིན། “བོད་ལྗོངས་ས་མཐོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་དྲོད་རླངས་མཁོ་འདོན་གྱི་འགག་རྩའི་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད”ཀྱི་ཚན་ཞིབ་གྲུབ་འབྲས་སྤྱད་པར་བརྟེན། ཞིང་འབྲོག་པ་མང་པོ་ཞིག་གིས་སྔོན་ཆད་ལྕི་བར་བརྟེན་ནས་དྲོད་ལེན་བྱེད་པ་ནས་ད་ཆའི་ཉི་ནུས་ལ་བརྟེན་ནས་དྲོད་ལེན་བྱེད་པའི་བར་འགྱུར་ལྡོག་ཕྱིན་ཡོད།

    2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཡོངས་སུ་ཉི་ནུས་ལ་བརྟེན་ནས་དྲོད་མཁོ་འདོན་བྱས་ཤིང་། ད་ཆ་ཉི་ནུས་ཀྱི་དྲོད་ལེན་སྒྲིག་ཆས་མང་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་སྤྱད་པས་སྣ་དཀར་རྩེ་རྫོང་ཡང་གཞི་ཁྱོན་ཅན་གྱི་ཉི་ནུས་སྤྱོད་པའི“ས་ཁོངས་ཀྱི་དཔེ་སྟོན་ཁུལ”ལ་གྱུར་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་ཀྱིས་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་ཇུས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན། ས་མཐོའི་དགོས་མཁོ་དང་མཐུན་པའི་ཚན་རྩལ་གྲུབ་འབྲས་མང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱོད་བཞིན་ཡོད།

    ལོ་5ཡི་རིང་། བོད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་ཚན་རྩལ་འཆར་འགོད་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་16.3དོན་འཁྱོལ་དང་བཀོད་སྒྲིག་བྱས་པའི་ཁྲོད་ཞིང་འབྲོག་ལས་ཀྱི་ནོར་སྲིད་ཚན་རྩལ་མ་འཇོག་གིས་ནོར་སྲིད་ཚན་རྩལ་མ་འཇོག་ཧྲིལ་པོའི་ཁྲོད་བཟུང་བའི་བསྡུར་གྲངས་60%ལས་བརྒལ་ཡོད།

    ལོ་5ཡི་རིང་། བོད་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཞིབ་སྤེལ་འགྲོ་གྲོན་སྒོར་དུང་ཕྱུར་12ལས་བརྒལ་བ་དང་། ཁེ་བེད་བདག་ཐོབ་རེ་ཞུ་དང་དབང་ཐོབ་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ། མི་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དབང་ཚད་0.94ནས་2.11(ཚོད་དཔག་བསྡོམས་འབོར)བར་མང་དུ་ཕྱིན་པ། བོད་རང་སྐྱོང་ལྗོངས་ལ་ཚན་རྩལ་ལག་རྩལ་བྱ་དགའ་80རག་ཡོད།

    བོད་ཀྱིས་ད་དུང་ཚན་རྩལ་ལས་སྟེགས་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་སུ་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་1དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་4 རྒྱལ་ཁབ་རིམ་པའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་1 རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་1 བཅས་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་37སོགས་བསྐྲུན་ཡོད།

    “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་། ང་ཚོས‘བོད་ནས་ཨང་16པ’སོགས་ནས་སོན་སྣ་ཁ་གསར་པ་10དང་དེ་བཞིན‘བོད་ཀྱི་དགུན་གྲོ་ཨང་26པ’སོགས་ལོ་ཏོག་སོན་གསར་པ་ཁག་གཅིག་འདེམས་གསོ་བྱས་ཏེ། རྒྱལ་ནང་གི་ནས་ཀྱི་སོན་སྣ་གཙོ་བོའི་མཛོད་དང་པོ་དེ་བསྐྲུན་པ་དང་ནས་དང་འབྲི་གཡག་གི་གཞི་རྒྱུ་རྒྱུད་སྤེལ་གྱི་རི་མོ་ཐོག་མར་བཀོད་པ་སོགས་ལག་རྩལ་གྱི་དཀའ་གནད་རེ་རེ་ཚད་བརྒལ་བྱུང་བ་མ་ཟད། དམངས་འཚོར་ཡང་ཕན་པ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་བཤད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།