འདི་ནི་ཕྲུ་གུ་ཚོས་བུ་བཅོལ་ཁང་གི་འཚོ་བར་མྱོང་རོལ་བྱེད་བཞིན་པ།
ཉེ་དུས། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱིས་གཏིང་སྐྱེས་རྫོང་ཆབ་ཤང་ཁྲོད་ལྔ་གྲོང་ཚོ་དང་བཀྲ་ཤིས་སྒང་ཤང་ཕུ་གྲོང་ཚོར་སྐྲུན་རོགས་བྱས་པའི་བུ་བཅོལ་ཁང་གི་སྒོ་མོ་འབྱེད་པའི་རྟེན་འབྲེལ་མཛད་སྒོ་འཚོགས་ཤིང་། བུ་བཅོལ་ཁང་དེ་གཉིས་ལ་ཁྱོན་མ་དངུལ་སྒོར་ཁྲི་380བཏང་བ་དང་། དེར་སྐད་གཉིས་སློབ་ཁྲིད་བྱ་རྒྱུ་ཡིན་ཞིང་། ཉི་འོད་ཁང་དང་། བྱེད་སྒོ་ཁང་། ངལ་གསོ་ཁང་། ཞབས་བྲོ་ཁང་། གསང་སྤྱོད་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་བ། ཤུད་སྐས་དང་། ཐག་འཁྱུད། འཁོར་གསུམ་རྐང་འཁོར་སོགས་ཕྲུ་གུའི་རྩེད་ཆས་ཆ་ཚང་བ། གློག་རྡུལ་སློབ་ཁྲིད་སྒྲིག་ཆས་དང་བདེ་འཇགས་འགོག་སྲུང་སྒྲིག་ཆས་སོགས་སྒྲིག་སྦྱོར་ཆ་ཚང་པོ་བྱས་ཡོད། ཁང་དེ་གཉིས་སྤྱོད་འགོ་ཚུགས་རྗེས་ཕྲུ་གུ་ཚོས་ཐག་ཉེ་ས་དང་སྟབས་བདེ་ས་ནས་སྤུས་ཚད་ལེགས་པའི་བྱིས་པའི་སློབ་གསོ་དང་ལེན་བྱེད་པའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ཁྱིམ་བདག་ཚོའི་ཕྲུ་གུ་སྐྱེལ་བསུ་དང་། ཁྱིམ་ཚང་ལ་ལྟ་རྟོག ལས་ཞུགས་གཞན་སྒྱུར་སོགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་སྲིད།