དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དྲོད་ཁང་ནང་གི་ཚན་རྩལ་རིགས་གཅིག་མཁས་ཅན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-09

    “དྲོད་ཁང་འདིའི་ནང་གི་སུར་པན་དང་ཀྲོ་མ་ཀྲུ་སྐྱེ་འཚར་ཡག་པོ་འདུག་པས་ཇི་ལྟར་བྱས་ན་དེ་ཚོའི་ཐོན་ནུས་གང་མགྱོགས་མཐོ་རུ་འགྲོའམ”ཟླ་5པར་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་མང་ཚོགས་ཚོས་རང་གི་སོན་གསར་སྐྱེད་སྲིང་དྲོད་ཁང་ནང་གི་སུར་པན་སྐྱེ་ཚུལ་ཡག་པོ་ཡོད་པར་གཞིགས་ནས་དེ་གར་སླེབས་པའི་ཞིང་འབྲོག་ཚན་རིག་ཁང་གི་སྔོ་ཚལ་རིགས་གཅིག་མཁས་ཅན་ལ་འབྲེལ་ཡོད་གནད་དོན་སྐད་ཆ་འདྲི་བཞིན་མཆིས།

    “ཨ་ཅག་ལགས། ཁྱེད་རང་གི་དྲོད་ཁང་ནང་གི་སུར་པན་གྲལ་སྟར་སྒྲིག་པོ་དང་ཡག་པོ་སྐྱེས་འདུག་མོད། འོན་ཀྱང་ཚང་མ་མཐུག་པོ་སྐྱེས་འདུག གལ་ཏེ་སུར་པན་ཕན་ཚུན་དབར་ལི་སྨི་གཅིག་ཙམ་གྱི་བར་ཐག་འཇོག་ཐུབ་ན་དེ་བས་སྐྱེ་འཚར་ལེགས་ལ་ནད་འགོག་ནུས་པའང་ཆེ་རུ་འགྲོ་བ་དང་། དེ་ནི་དུས་ཕྱིས་ཀྱི་སུར་པན་གསོན་ཚད་མཐོ་རུ་དང་ཐོན་འཕར་ཡོང་བའི་འགན་ལེན་ཞིག་ཀྱང་རེད”ཅེས་རིགས་གཅིག་མཁས་ཅན་གྱིས་དྲོད་ཁང་ནང་ཚལ་ཞིང་ཚོར་དོ་དམ་ལག་རྩལ་སྐོར་དམར་ཁྲིད་བྱས།

    དེ་ནི་རང་ལྗོངས་ཀྱིས་སྔོ་ཚལ་ཐོན་ནུས་མཐོར་གཏོང་གི་ལག་རྩལ་མཉམ་འདུས་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་བ་ཞིག་རེད་ལ། དེ་ནི་མང་ཚོགས་ལ་སྔོ་ཚལ་གྱི་ཐོན་འབོར་མང་དུ་བཏང་བ་དང་ཐོན་སྐྱེད་ཀྱི་གནད་དོན་ཐག་གཅོད་བྱས་པའི་བསྡུས་རིས་ཤིག་ཀྱང་རེད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་རང་ལྗོངས་ཀྱི“ཤ་ཚལ་སྒོང”གསུམ་གྱི་ཐོན་རྫས་མཁོ་སྤྲོད་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱ་ཆེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་སྔ་རྗེས་སུ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་10བཀོད་སྒྲིག་བྱས་ཏེ། སྔོ་ཚལ་ཐོན་ནུས་མཐོར་གཏོང་གི་ལག་རྩལ་མཉམ་འདུས་དཔེ་སྟོན་རྣམ་གྲངས་འཕྲལ་དུ་ལག་ལེན་བསྟར་བ་དང་། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཆེད་ལས་ལག་རྩལ་ཚོགས་པ་སྒྲིག་འཛུགས་ཀྱིས་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་སོགས་སྔོ་ཚལ་ཐོན་ཁུལ་གཙོ་བོར་མངགས་ནས་སྔོ་ཚལ་ཐོན་ནུས་ལག་རྩལ་མཉམ་འདུས་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་བ་རེད།

    “མིག་སྔར་རྣམ་གྲངས་དེ་ལག་ལེན་བསྟར་བ་ལས་སྔོ་ཚལ་ལ་ཐོན་འཕར་བྱུང་བ་མ་ཟད། སྔོ་ཚལ་རྒྱུན་གཏན་ལྟར་མཁོ་འདོན་ཐུབ་པ་དང་ཚལ་རིན་ཡང་བརྟན་པོ་ཡོད་པ་དེ་ནི་རྣམ་གྲངས་དེས་སྤྱི་ཚོགས་ལ་བསྐྲུན་པའི་ཕན་པ་ཆེ་ཤོས་དེ་རེད། དཔལ་འབྱོར་ཕན་འབྲས་ཐད་མིག་སྔར་རྣམ་གྲངས་ལག་རྩལ་ཁྱབ་རྒྱ་མུའུ་11289ཡིན་པ་དང་དེ་སྔོན་མུའུ་རེ་ནས་སྔོ་ཚལ་ཐོན་ཚད་སྤྱི་རྒྱ་1200ཡིན་པར་བརྩིས་ན་རྣམ་གྲངས་དེ་ལག་ལེན་བསྟར་རྗེས་ཐོན་འཕར་15%བྱུང་བ་དང་། ཚལ་རྒྱ་མ་རེར་སྒོར་8ཡིན་པ། ཐོན་འཕར་རིན་ཐང་སྒོར་ཁྲི་1625ཙམ་ཡིན”ཞེས་མིན་ཀྲེ་ཕིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།