དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་རྨང་གཞི་བརྟན་པོ་བཏིང་། ཕུགས་འདུན་སྒྲུབ་པར་རམ་འདེགས་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-05

    རང་ལྗོངས་ཀྱི་ཚན་རྩལ“གཉིས་གཏོད”ལས་དོན་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་། དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཚན་རྩལ་གྱི“གཉིས་གཏོད”ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

    གྲངས་གཞི་ལས“གཉིས་གཏོད”གཞི་རྟེན་གྱི་དཔལ་འབྱོར་ཕན་འབྲས་ལ་ལྟ་བ།

    2019ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ“གཉིས་གཏོད”གཞི་རྟེན་131བསྐྲུན་པ་དང་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པར་གཏན་འཁེལ་བྱས་པའི“གཉིས་གཏོད”གཞི་རྟེན་35ཡོད་པ་རེད། 2019ལོར“གཉིས་གཏོད”གཞི་རྟེན་དུ་ཁེ་ལས་2129སྐྱོང་གསོ་བྱས་ཤིང་། མི་ཁྲི་1.54ལས་ཞུཌ་ཐུབ་པའི་ནང་མཐོ་སློབ་སློབ་ཐོན་སློབ་མ་4880བསྡུས་པ་དེ་དུས་མཚུངས་ལས་132%འཕར་བ་རེད།

    2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་31.69ཟིན་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་15033ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་30.94%དང་13.84%འཕར་བ་དང་། རྒྱལ་ནང་གི་མ་འཇོག་ཁེ་ལས་དུད་ཚང(སྒེར་གཉེར་མ་ཡིན་པ)11422དང་། སྒེར་གཉེར་ཁེ་ལས་དུད་ཚང་65823 ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་17བཅས་བཙུཌ་ཡོད་པ་རེད།

    2019ལོར་རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་173དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་310 གོང་འབུལ་ཁྲལ་འཇལ་སྒོར་དུང་ཕྱུར་24 ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྒོར་དུང་ཕྱུར་9.9བཅས་ཟིན་པ་རེད། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་116གི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་43.21དང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་19.23ཟིན་པ་རེད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་སྒོར་དུང་ཕྱུར་2.1ཟིན་པ་དེ་དུས་མཚུངས་ལས་91%འཕར་བ་རེད།

    “གཉིས་གཏོད”ཀྱི་སྲིད་ཇུས་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།

    རང་སྐྱོང་ལྗོངས་ཚན་རྩལ་ལས་གཏོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་པའོ་ཧན་ཝུན་གྱིས“ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་ཀུན་ཕན་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་ཆེན་པོ་བཏང་བས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་སྟེགས་རྟེན་གཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་ཚན་དཔལ་འབྱོར་གསར་གཏོད་ལ་རམ་འདེགས་བྱེད་པ་སོགས་ཐད་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱ་ཆེད། ན་ནིང་ལྗོངས་ཡོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”གཞི་རྟེན་22ལ་འཛུགས་སྐྲུན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་6490དོན་འཁྱོལ་བྱས་པ་རེད། ཚན་རྩལ་རྣམ་པའི་ཁེ་ལས་90དང་ཚན་རྩལ་གསར་གཏོད་ཀྱི་ཞབས་འདེགས་སྒྲིག་གཞི་38དབར་ཚན་རྩལ་ཞབས་འདེགས་ཀྱི་མཁོ་སྤྲོད་འབྲེལ་བ་བཙུགས་ཏེ། ཚན་རྩལ་རྣམ་པའི་ཁེ་ལས་90ལ་སྒོར་ཁྲི་600ལྷག་ཙམ་གྱི་གསར་གཏོད་བུན་འཛིན་གྱི་རྒྱབ་སྐྱོར་ཐོབ་པ་རེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་བོད་ལྗོངས་དངུལ་ཁང་དུ་སྒོར་ཁྲི་6000གི་དངུལ་བུན་གཏའ་འཇོག་འགན་ལེན་ཐེབས་རྩ་བཙུགས་ཏེ་གསར་གཏོད་ལས་གཏོད་ཀྱི་ཁེ་ལས་ཚང་མས་སྒོར་ཁྲི་50ནས་200བར་གྱི་དངུལ་བུན་གཡར་ཆོག་པ་དང་སྐྱེད་ཀ་ཚང་མ་སྲིད་གཞུང་གིས་གསབ་ཀྱི་ཡོད་པ་རེད།

    གསར་གཏོད་ལས་གཏོད་ཀྱི་ཞབས་འདེཌ་རྒྱུན་མཐུད་ལེགས་སུ་བཏང་བ།

    “རང་ལྗོངས་ཀྱི་རིགས་ཁག་གི་གསར་གཏོད་ལས་གཏོད་ཀྱི་ཚོགས་སྤྱི་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ‘གློད་སྡོམ་ཞབས’གསུམ་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས་ཚན་རྩལ་མི་སྣ་དང་། སློབ་གྲྭ་ཆེ་མོ་བ། དམག་ཞབས་ཐིམ་པའི་དམག་མི། རྒྱལ་ནང་དུ་ལོག་པའི་ཕྱི་སྦྱོང་མི་སྣ། ཕ་ཡུལ་དུ་ལོག་པའི་ལས་གཏོད་མི་སྣ་སོགས་ལས་གཏོད་ཚོཌ་སྤྱི་འདྲ་མིན་མུ་མཐུད་གསར་གཏོད་ལས་གཏོད་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཞུགས་ཏེ། ལས་གཏོད་བྱས་མ་ཐག་ནས་འཇོན་ཐང་ཅན་བར་དང་། གྲོང་ཁྱེར་ནས་གྲོང་གསེབ་བར། ལྗོངས་ནང་ཁུལ་ནས་ལྗོངས་ཕྱིའི་བར་བཅས་ལས་གཏོད་ཚོགས་སྤྱིའི་རིགས་ཇེ་མང་དུ་ཕྱིན་པ་དང་ཁྱབ་རྒྱ་ཇེ་ཆེར་སོང་ཡོད”ཅེས་པའོ་ཧན་ཝུན་གྱིས་བརྗོད།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས། སློབ་གྲྭ་བཅས་རིམ་པ་གསུམ་གྱི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ཚོད་ལྟའི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས་ལག་ལེན་བསྟར་ཚུན། རིམ་རྩིས་བྱས་ན། 2019ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ཚོད་ལྟའི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས་ཀྱིས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་སློབ་གྲྭ་ཆེ་མོ་བའི་ལག་ལེན་ནུས་པ་སྐྱེད་སྲིང་ནུས་ལྡན་བྱས་པ་དང་སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་འདུ་ཤེས་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།