དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་ཞིང་འབྲོག་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-16

     ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། ཚན་རྩལ་གླིང་། གྲུབ་འབྲས་གཞན་སྒྱུར་རྟེན་གཞི་སོགས་གསར་གཏོད་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་ལག་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། གྲུབ་འབྲས་གཞན་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་ཁུལ་དང་། ཞིང་འབྲོག་ལས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་ལྗོངས་ཀྱིས་ལྷ་ས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི་བཅས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁྱོན་4བསྐྲུན་པ་དང་། “ཞིང་ཆེན་དང་པུའུ་ཨུད་ཀྱིས་ནས་སོན་དང་འབྲི་གཡག་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མཉམ་སྐྲུན”སོགས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲེལ་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ལྟེ་གནས་10བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁབ་རིམ་པའི་སྐར་གཏོད་ལས་སྟེགས་12བསྐྲུན་པར་རྒྱབ་སྐྱོར་བྱས་པས་པ་སྣམ་རྫོང་ལ་རྒྱལ་ཁབ་ཀྱི་ཁག་དང་པོའི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)གི་མཚན་སྙན་ཐོབ་པ་རེད། དེ་དང་དུས་མཚུངས། ཞིང་ལས་ཚན་རྩལ་གླིང་དང་། རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ཁུལ། སྐར་གཏོད་རྣམ་པའི་རྫོང(གྲོང་ཁྱེར) ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྟེན་གཞི། སྐར་གཏོད་ལས་སྟེགས་སོགས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། བཟོ་རྩལ་གསར་པ། ཐོན་རྫས་གསར་པ་བཅས་གཅིག་སྡུད་དཔེ་སྟོན་དང་གཞན་སྒྱུར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་ཁག་གི་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་དེ་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་ཁྱབ་འགྱེད་འབྱུང་ས་དང་ཐོན་ལས་གཅིག་སྡུད་ཁུལ་དུ་འགྱུར་བ་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་4ཡིས་རིམ་རྩིས་ལྟར་ན་ལག་རྩལ་དང་། སྣ་ཁ། སྒྲིག་བཀོད་བཅས་400ལྷག་ཙམ་ཁྱབ་གདལ་གཏོང་བ་བཅས་བྱས་པས་ཞིང་འབྲོག་མང་ཚོགས་ཁྲི་3ལྷག་ཙམ་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།