དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-27

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་ཁྱད་ལྡན་ཞིང་འབྲོག་ལས་དང་། ལེགས་ཆའི་ཐོན་ལས། སྤྱི་ཚོགས་ཀྱི་དམངས་འཚོའི་བྱ་གཞག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

    ཁྱད་ལྡན་ཞིང་འབྲོག་ལས་ཐད་རང་ལྗོངས་ཀྱིས་ནས་ཐོན་ཚད་མང་དུ་གཏོང་བ་དང་། འབྲི་གཡག་བཤས་གཏོང་བ། གཟན་རྩྭའི་ཐོན་འབབ་མང་དུ་གཏོང་བ་སོགས་ལ་དམིགས་ནས་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་སྤྱད་དེ་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། ཕག་རི་དང་། གཟི་ཕུག མྱང་གཡག རི་བོ་ཆེ་སོགས་ས་ཆ་ལྔའི་འབྲི་གཡག་གི་རྒྱུད་པ་ལྟེ་བའི་ཁུལ་འཛུགས་པར་མུ་མཐུད་སྐུལ་འདེད་བཏང་ནས་མངའ་རིས་ཀྱི་འབྲོང་རྒྱུད་འབྲི་གཡག་རྒྱུད་སྤེལ་ལྟེ་གནས་ཚོགས་པ་བཙུགས་པ་དང་། འབྲོང་རྒྱུད་འབྲི་གཡག་ཐོན་ཁུངས་བརྟག་དཔྱད་དང་དེ་བཞིན་ཐོན་སྐྱེད་ནུས་པར་གདེང་འཇོག་བྱེད་པའི་ལས་དོན་སྤེལ་བ་མ་ཟད། ད་དུང་ལྷུན་གྲུབ་རྫོང་གི་འབྲི་གཡག་གསོ་སྤེལ་གསོ་ཚགས་དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་པ་རེད། བོད་ལུག་དང་། ཁུ་ལྡན་ར། ལྷ་སའི་བྱ་དེ་དཀར་པོ། ས་ཧྥུའུ་ཁེ་ལུག་སོགས་ཕྱུགས་རིགས་དང་བྱ་རིགས་སྣ་ཁ་མང་དུ་གཏོང་བ་དང་དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་པ། ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་རྩྭ་ལས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱས་པ། ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་མི་ཐབས་རྩྭ་འདེབས་དང་དེ་བཞིན་ཞན་འགྱུར་རྩྭ་ར་མུའུ་ཁྲི་65.8བཅོས་སྒྲིག་བྱས་པ་རེད།

    ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བའི་ཆེད་དོན་བརྟག་ཞིབ་དང་ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཚན་རྩལ་ལས་དོན་བརྟག་ཞིབ་ཧུར་ཐག་བྱས་ནས་འབྲེལ་ཡོད་བྱ་སྤྱོད་འཆར་གཞི་དང་ལས་ཀའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཡོད། བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་ལས་སྟེགས་རྩེ་གྲ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ཏེ《བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས་འཛུགས་པའི་ཇུས་གཞི》རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད། ནས་ཀྱི་ཨ་རག་དཀར་པོའི་ཚན་ཞིབ་འགག་སྒྲོལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་ཆང་རྩིའི་སྐྱེ་དངོས་ཕྲ་རབ་21དབྱེ་འབྱེད་དང་། དཔྱད་འདོམས། ཆང་རྩི་བཟོ་རྩལ་གྱི་ཞིབ་འཇུག་སོགས་ལེགས་སྒྲུབ་བྱས་ཡོད།

    གཞན་ཡང་རང་ལྗོངས་ཀྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གསོ་རིག་རྣམ་གྲངས་སྒྲིག་འཛུགས་སྙན་ཞུ་ཧུར་ཐག་སྤེལ་ནས་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་རྒྱུད་ཁྲིད་ཐོན་ཁུངས་ཀྱི་མ་དཔེའི་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་ཚད་ལྡན་ཡིག་ཆ་4000ལྷག་ཙམ་གྱི་གྲངས་གཞིའི་མཛོད་བསྐྲུན་པ་མ་ཟད། གྲངས་གཞི་ཆེ་མོ་དང་མི་ཐབས་རིག་ནུས་སོགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།