དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དབྱར་གསེང་གི་འཁྲུག་ཆ་དོད་པའི་གྲོང་ཚོ་གསར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-08-17

    བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པར་བསྐྲུན་པ་ཞིག་ཡིན་པ་དང་། 2017ལོའི་ལོ་མཇུག་ནས་བཟུང་། ནག་ཆུ་དང་། མངའ་རིས། ཆབ་མདོ་སོགས་དཀའ་ངལ་ཤིན་ཏུ་ཆེ་བའི་ས་ཁུལ་གྱི་མང་ཚོགས་དེར་གནས་སྤོས་པ་དང་། གྲོང་ཚོའི་སྡོད་ཁང་གྲལ་སྟར་བསྒྲིགས་ཤིང་། ཚོང་ལས་དང་། སྨན་བཅོས་འཕྲོད་བསྟེན། རོལ་རྩེད་ལུས་སྦྱོང་སྒྲིག་ཆས་བཅས་ཆ་ཚང་པོ་ཡོད། དབྱར་གསེང་རིང་གང་སར་ཕྲུ་གུ་ཚོ་རྩེད་མོ་རྩེ་པ་མཐོང་རྒྱུ་ཡོད།

    761248_yis_1597212102644_s.jpg

    གསར་སྐྲུན་བྱས་པའི་ལུས་རྩལ་ཐང་ཚྭ་ཆུ་ཐང་གྲོང་ཚོའི་ཕྲུ་གུ་ཚོའི་རྩེད་མོ་རྩེད་ཡུལ་དུ་གྱུར་པ།

    761249_yis_1597212103003_s.jpg

    ནང་མི་དང་མཉམ་དུ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་ཚྭ་ཆུ་ཐང་གྲོང་ཚོར་གནས་སྤོས་བྱས་པའི་ལྷུན་གྲུབ་བསྟན་འཛིན(གཡས་ཀྱི་དང་པོ)དང་གྲོགས་པོ་ཚོ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

    761250_yis_1597212103346_s.jpg

    ཕྲུ་གུས་དགའ་སྤྲོའི་ངང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོའི་སྲང་ལམ་དུ་བསྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།