དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཀརྨ་དགོན་གསར་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-08-12

    སྡེ་ཁུལ་གྱི་གྲོང་མིའི་གཟུགས་པོ་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། “ན་ཚ་ཡོད་ན་སྔ་ཙམ་སྨན་བཅོས་དང་། ན་ཚ་མེད་ཀྱང་སྔ་ཙམ་སྔོན་འགོག”བྱས་ནས་གྲོང་མིའི་བདེ་ཐང་འཚོ་བའི་སྤུས་ཚད་ལེཌ་སུ་ཏན་ཏིག་གཏོང་ཆེད། ཉིན་ཤས་བསྟུད་མར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་སྨན་དོན་པས་ཁོངས་གཏོཌ་ཁུལ་གྱི་གྲོང་མིར་རིན་མི་དགོས་པར་གཟུཌ་པོར་བརྟག་དཔྱད་བྱས་པ་རེད།

    སྡེ་ཁུལ་གྱི་འགན་འཁུར་བས། འདི་ལོར་གཟུགས་པོར་བརྟག་དཔྱད་བྱེད་པའི་ནང་སྐྲན་ནད་དབྱེ་འབྱེད་དང་། “འབྲས་སྐྲན་གཉིས”དབྱེ་འབྱེད། སྦྲུམ་མའི་ལེགས་བཙའ་ལེགས་གསོའི་བརྟག་དཔྱད་སོགས་ཀྱི་རྣམ་གྲངས་མང་དུ་བཏང་བ་མ་ཟད། སྨན་དོན་པས་བརྟག་དཔྱད་བྱེད་རིང་གྲོང་མིར་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རིམས་ནད་སྔ་ཙམ་སྔོན་འགོག་དང་། སྔ་ཙམ་ཤེས་པ། སྔ་ཙམ་སྨན་བཅོས་བཅས་ཏན་ཏིག་ཡོང་བའང་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    ལོ་ལྟར་རྒྱུན་གཏན་བཞིན་ཁོངས་གཏོགས་ཀྱི་གྲོང་མིར་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་ཕུད། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་གཅོང་ནད་ཀྱི་ཤེས་བྱ་དང་། རྒན་རྒོན་དང་བུད་མེད་སོགས་ཚོགས་སྤྱིར་དམིགས་པའི་ལུས་སེམས་བདེ་ཐང་སྐོར་གྱི་བདེ་ཐང་ཤེས་བྱའི་འཆད་ཁྲིད་ཐེངས་མང་བྱས་པ་མ་ཟད། ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཀྱང“སྐུལ་སྤེལ་ལྔའི”ལས་དོན་རྒྱུན་མཐུད་ངང་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གཟུགས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་ཟླ་བ་གཅིག་ཙམ་སྤེལ་རྒྱུ་ཡིན་པ་དེས་ཁོངས་གཏོགས་ཁུལ་གྱི་གྲོང་མི་2200ལྷག་ཙམ་ལ་བདེ་ཐང་བརྟག་དཔྱད་བྱ་རྒྱུ་མ་ཟད། རྒན་རྒོན་མི་ཧྲེང་དང་། དབང་པོ་སྐྱོན་ཅན་སོཌ་དམིཌ་བསལ་ཚོགས་སྤྱིར་དམིཌ་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པས་སྒོ་རྩར་གཟུགས་པོ་བརྟག་དཔྱད་བྱེད་རྒྱུ་ཡིན་པ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།