ཁོངས་གཏོགས་ཁུལ་གྱི་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཚན་པའི་གཉེར་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་སྨན་སྤྱོད་བདེ་འཇགས་འགན་སྲུང་བྱ་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་གིས་ཁོངས་གཏོགས་ཁུལ་གྱི་སྨན་ཚོང་ཁང་དང་སྒོ་བསྟེན་སྨན་ཁང་གི་སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་གནས་ཚུལ་ལ་ཆེད་དོན་གྱི་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་རེད།
ད་རེས་ཞིབ་བཤེར་བྱེད་རིང་། ལྷུན་གྲུབ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་ཡོ་བྱད་སིལ་འཚོང་ཁང་གི་ལས་གཉེར་སྨན་པ་ལས་གནས་སུ་ཡོད་མེད་དང་། སྨན་ཤོག་དགོས་པའི་སྨན་གོ་ཆོད་སྨན་ཐོ་ལྟར་ཉོ་མིན། སྨན་ཤོག་དགོས་པའི་སྨན་དང་སྨན་ཤོག་མི་དགོས་པའི་སྨན་སོ་སོར་བཤམ་མིན། སྨན་བཅོས་ཡོ་བྱད་ལ《དུག་སེལ་དོ་དམ་གྱི་བྱེད་ཐབས》ལྟར་དུག་སེལ་བྱེད་མིན། ཡོ་བྱད་གཙང་མ་ཡིན་མིན། སྨན་གྱི་དུས་ཚོད་ཡོལ་ཡོད་མེད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། དེ་དང་དུས་མཚུངས་སུ་ཕྱིར་འཚོང་ཐོ་འགོད་རྩིས་ཐོའམ་སྤ་སེ་ཚོང་ཟོག་དང་གཅིག་མཐུན་ཡིན་མིན་ལ་ཞིབ་བཤེར་བྱས་པ་དང་ཕྱིར་འཚོང་སྨན་རྫས་ཟུར་འཐེན་གྱིས་ཞིབ་བཤེར་བྱས་ནས་སྨན་རྫས་ཉོ་འཚོང་དང་མཛོད་ཉར་གཅིག་གྱུར་ཡོང་བར་བྱས་ཡོད།
གོམ་སྟབས་རྗེས་མར། ཅུས་དེས་ཁོངས་གཏོགས་ཁུལ་གྱི་སྒོ་བསྟེན་སྨན་ཁང་དང་སྨན་ཚོང་ཁང་གི་ལྟ་སྐུལ་དང་ཞིབ་བཤེར་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་མ་ཟད། གནད་དོན་ཅུང་མང་བའི་སྒོ་བསྟེན་སྨན་ཁང་དང་སྨན་ཚོང་ཁང་ཉིད་གཙོ་གནད་ལྟ་འདོམས་བྱ་ཡུལ་ལ་བརྩིས་ནས་རྒྱུན་གཏན་གྱི་ལྟ་སྐུལ་དང་དོ་དམ་གང་ལེགས་བྱེད་པ་དང་ཆབས་ཅིག་ལྟ་སྐུལ་ཞིབ་བཤེར་བྱེད་ཐེངས་མང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།