གཅིག ལོ་30ཡས་མས།
1.མི་ཚོགས་ཀྱི་ལོ་ཚད་ཁྱད་ཆོས།
ལོ་30དང་ལོ་40ཙམ་ལ་སླེབས་མ་ཐག་གི་མི་ཚོགས་ཀྱིས“རང་གི་གཟུགས་པོའི་རྨང་གཞི་ཡག་པོ་ཡོད་པར”བརྟེན་ནས་ལུས་རྩལ་བརྩེ་རྒྱུར་དོ་སྣང་བྱས་ཏེ་དུས་ཐོག་ཏུ་གཟུགས་པོའི་གནས་ཚུལ་ལེགས་སུ་གཏོང་གི་ཡོད། གལ་སྲིད་ཁྱེད་ཀྱི་པུས་ཚིགས་ནས་ཁྲག་ཁྲག་ཅེས་པའི་སྒྲ་ཐོན་ཚེ་གྲུམ་ནད་ཀྱི་རྟགས་ཡིན། རུས་ཚིགས་མཉེན་པོ་ཡོང་བ་བྱ་ཆེད། རྐྱང་བསྐུམ་ཡང་ཡང་བྱེད་པ་མ་ཟད། ད་དུང་སྙིང་ཁམས་ཁྲག་རྩའི་ཁོངས་གཏོགས་ཀྱི་སྦྱོང་བརྡར་ལ་དོ་སྣང་བྱེད་དགོས།
2.སྦྱོང་བརྡར་ཇུས་གཞི།
སྙིང་ཁམས་ཁྲག་རྩའི་ཁོངས་གཏོགས་ཀྱི་སྦྱོང་བརྡར་བྱ་ཐབས་གཙོ་བོ་དལ་རྒྱུག་དང་ཆུ་རྐྱལ་གནངས་འཆར་དུ་ཐེངས་རེར་སྐར་མ་5ནས་30བར་སྦྱོང་བརྡར་བྱ་རྒྱུ་དེ་རེད། སྟོད་སྒལ་དང་རྐང་པའི་ཤ་ཤེད་རྐྱང་སྐུམས་ཀྱི་ཐབས་ཤེས་གཙོ་བོ་ནི་ལྟག་ཉལ་བྱས་ཏེ་པུས་མོ་གཉིས་བྲང་ཁོག་བར་བསྐྱལ་ཏེ་སྐར་ཆ་30རྒྱུན་འཁྱོངས་བྱ་རྒྱུ་དང་། ལྟག་ཉལ་བྱེད་པ་དང་རྐང་པ་གཉིས་ཀ་གྱེན་འདེགས་སྐར་ཆ་30བྱ་རྒྱུ་དེ་ཉིན་རེར་ཐེངས་5ནས་10བར་བྱེད་དགོས།
3.དོ་སྣང་བྱེད་དགོས་རིགས།
གལ་སྲིད་ཡུན་རིང་སྦྱོང་བརྡར་བར་མཚམས་ཆད་ཚེ་བསྐྱར་དུ་སྦྱོང་བརྡར་བྱེད་དགོས། ཐོག་མར་སྦྱོང་བརྡར་བྱེད་སྐབས་ལུས་རྩལ་ཤུགས་ཆེན་པོ་རྩེད་རྒྱུ་མེད། གལ་སྲིད་ཁྱེད་རང་ལོ་35ཡན་ཡིན་ཚེ་དུས་བཀག་བཞིན་སྙིང་པར་བརྒྱབ་ནས་དུས་ཐོག་ཏུ་ལུས་རྩལ་བརྩེ་སྟངས་ལེགས་བཅོས་བྱེད་དགོས།
གཉིས། ལོ་40ཡས་མས།
1.མི་ཚོགས་ཀྱི་ལོ་ཚད་ཁྱད་ཆོས།
ལས་ཀ་ལྗིད་པོ་དང་ངལ་དུབ་ཆེ་ཚེ་ལོ་མཚམས་དེའི་སྐྱེས་པའི་གཟུགས་པོ་སྐྱོ་རུ་འགྲོ་སྲིད། ལོ་དེའི་མཚམས་ཀྱི་སྐྱེས་པ་ཚོའི་ཁྱིམ་ཚང་གི་འཁུར་པོ་ལྕི་བས་ཁག་གཅིག་གིས་ལུས་རྩལ་གྱི་གལ་ཆེའི་རང་བཞིན་ལ་སྣང་བ་དེ་ཙམ་ཡོང་གི་མེད། ལོ་མཚམས་དེ་སྐྱེས་པ་མང་པོ་ཞིག་རྒྱགས་པོ་ཆགས་ཀྱི་ཡོད་པས་རྒྱུན་མཐོང་གི་རྒས་ནད(ཁྲག་ཤེད་མཐོ་བ་དང་སྙིང་ཁམས་ཁྲག་རྩའི་ནད་སོགས)སྔོན་འགོག་བྱེད་དགོས།
2.སྦྱོང་བརྡར་ཇུས་གཞི།
སྙིང་ཁམས་ཁྲག་རྩའི་ནད་ལ་དམིགས་ནས་སྦྱོང་བརྡར་བྱེད་སྐབས་དལ་རྒྱུག་དང་། ཆུ་རྐྱལ་རྒྱག་པ། རྐང་འཁོར་གཏོང་བ་སོགས་འཚམ་པོ་ཡོད། སྦྱོང་བརྡར་དེ་དག་གཟའ་འཁོར་རེར་ཐེངས་གཉིས་རེ་བྱེད་པ་དང་ཐེངས་རེར་སྐར་མ་25ནས་30བར་བྱས་ན་འཚམ་པོ་ཡོད།
གསུམ། ལོ་50ཡས་མས།
1.མི་ཚོགས་ཀྱི་ལོ་ཚད་ཁྱད་ཆོས།
ལོ་50ཡན་གྱི་སྐྱེས་པ་ན་གཞོན་དང་འདྲ་གི་མེད་པས་ལུས་སྦྱོང་ཤུགས་ཆེན་པོ་བྱེད་རྒྱུ་མེད་ལ་ལུས་སྦྱོང་དང་སྟོབས་ཤུགས་སྦྱོང་བརྡར་ཟུང་འབྲེལ་བྱེད་དགོས།
2.སྦྱོང་བརྡར་ཇུས་གཞི།
ཝང་ཆིའུ་སྤོ་ལོ་དང་། གངས་ཤུད་གློད་པ། ཆུ་རྐྱལ་རྒྱག་པ། དལ་རྒྱུག ཀའོ་ཨར་ཧྥུའུ་སྤོ་ལོ། ཞབས་བྲོ་འཁྲབ་པ། འཆམ་འཆམ་སོགས་གཟའ་འཁོར་རེར་ཐེངས་གཉིས་དང་། ཐེངས་རེར་སྐར་མ་10ནས་15བར་བྱས་ན་འཚམ་པོ་ཡོད།
བཞི། ལོ་60ཡན།
1.མི་ཚོགས་ཀྱི་ལོ་ཚད་ཁྱད་ཆོས།
བུ་ཕྲུག་འཚར་ལོངས་བྱུང་བའི་དུས་མཚམས་ཀྱི་སྐྱེས་པ་ཚོས་རང་གི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ལུས་སྦྱོང་བྱས་ན་འཚམ་པོ་ཡོད།
2.སྦྱོང་བརྡར་ཇུས་གཞི།
ཐའེ་ཅི་ཆོན་དང་། འཆམ་འཆམ། ཞབས་བྲོ་འཁྲབ་པ་སོགས་བྱེད་པ་ལས་ལུས་རྩལ་རྩེ་ཤུགས་་དྲགས་རྒྱུ་མེད་པར་སྨན་པའི་ཁ་ཏ་བཞིན་ལུས་སྦྱོང་བྱེད་པ་མ་ཟད། ལུས་སྦྱོང་བྱེད་རིང་གི་སྙིང་དབྱུགས་ཚད་དང་གཟུགས་པོའི་གནས་ཚུལ་ལ་དུས་ཐོག་ཏུ་དོ་སྣང་བྱས་ཏེ་གལ་སྲིད་གཟུགས་པོ་བདེ་པོ་མེད་ཚེ་འཕྲལ་མར་ལུས་སྦྱོང་བྱེད་མཚམས་འཇོག་དགོས།