དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གསར་གཏོད་ཆེ་མོའི་མཐོ་རླབས་འཕྱུར། འབྲས་བུས་དམངས་ལ་ཕན་པ་ཐོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-29

    “གཉིས་གཏོད”གཞི་རྟེན་སྣ་ཚོགས་131བཏོད་པའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”གཞི་རྟེན་35ཡོད་པ་དེ་ལོ་གོང་མ་ལས་77%འཕར་ཡོད།

    “བོད་ནས་ཨང་2000”དང“ཧི་མ་ལ་ཡ་ཨང་22”སོགས་ནས་ཀྱི་སོན་བཟང་གཞི་རྒྱ་ཆེན་པོས་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། སོན་བཟང་ཁྱབ་ཚད་90%ཟིན་པ། མུའུ་རེར་ཆ་སྙོམས་བྱས་ན་ཐོན་ཚད་སྤྱི་རྒྱ་25ཡན་མཐོ་རུ་ཕྱིན་ཡོད།

    འབྲི་གཡག་གི་རྒྱུད་གྲུབ་དངོས་ཁམས་སྟར་སྒྲིག་རི་མོ་ཆ་ཚང་ཐོག་མར་བཀོད་པ་དང་། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཀྲའོ་ནག་ཁྲའི་རྒྱུད་གྲུབ་སྟར་སྒྲིག་རི་མོ་ཆ་ཚང་ཐོག་མ་གྲུབ་འབྲས་ཐོན་པའི་ངང་བཀོད་ནས་མཚོ་བོད་ས་མཐོའི་ཉ་རིགས་ཀྱི་རྒྱུད་གྲུབ་རིག་པ་ཞིབ་འཇུག་གི་སྟོང་ཆ་བསྐངས་ཡོད།

    ཤུགས་ཚད་མཐོ་ཤོས་ཀྱི་རྒྱུན་འགྱུར་འཕྲུལ་ཆས་རྣམ་པའི་གློག་ཁུངས་མཁོ་འདོན་མ་ལག་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་བྱེད་པའི་ལག་རྩལ་གྱི་འགག་གནད་བསལ་བ་ལས་མཚོ་བོད་ས་མཐོའི་སྤྱི་ལེ་ངོས་གྲུ་ཁྲི་50ལྷག་ཙམ་ལ་གློག་གཏོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད།

    2019ལོ་བར་ཁུལ་ཁོངས་ཀྱི་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་དང་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་44.3%དང54.5%ཟིན་པ་ལ་སོགས་སོ།

    ལག་རྩལ་གྱི་དཀའ་གནད་མང་པོ་སེལ་ཐུབ་ནས་དམངས་ལ་ཕན་པ་ངོ་མ་ཐོབ་ཅིང་། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་རང་ལྗོངས་ཀྱི་ཚན་རྩལ་བྱ་གཞག་གིས་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། “ལས་སྟེགས་འཛུགས་སྐྲུན་དང་། ཆེད་དམིགས་རྣམ་གྲངས་འགག་སྒྲོལ། གཞན་སྒྱུར་ལ་སྐུལ་འདེད། ཁྱབ་གདལ་ཤུགས་ཆེན”བཅས་ཀྱི་ཚན་རྩལ་ལས་དོན་གྱི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ་གསར་གཏོད་མ་ལག་གི་ནུས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བཅས་ལ་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།

    གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་ལས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

    ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་གྱི་Nསྒྱུར་ཀུན་གཏོད་བར་མཐོངས་སུ་སྐྱོད་སྐབས་བོད་ལྗོངས་ཕེ་ལུང་མཁའ་སྐྱོད་ཚན་རྩལ་ཚད་ཡོད་ཀུང་སི་དང་། ལྷ་ས་རླུང་རྟ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་ཐ་ཞིས་དོ་དམ་བློ་འདྲི་ཚད་ཡོད་ཀུང་སི་སོགས་གཞོན་ནུའི“གཉིས་གཏོད”ཁེ་ལས་ཁག་གཅིག་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་ང་ཚོས་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག ཁྱོན་མ་དངུལ་སྒོར་དུང་ཕྱུར་2.5བཏང་བའི“ལྷ་སའི་སློབ་ཆེན་སློབ་མའི་གསར་གཏོད་གླིང”དང“ཕྲན་ཚེགས་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་དཔེ་སྟོན་རྟེན་གཞི”ཞིག་ཡིན་པའི་ཀུན་གཏོད་བར་མཐོངས་འདིས“བར་མཐོངས་འདང་ངེས་དང་། ཞབས་ཞུ་གནད་སྨིན། ཁུར་པོ་ཡང་བ། ཚད་གཞི་དམའ་བ། ཁྱད་ཆོས་ཆེ་བ”བཅས་ཀྱི་ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་དམིགས་ཡུལ་དུ་བཟུང་བ་དང་ཆབས་ཅིག ཁེ་ལས་བཅའ་སྡོད་དང་རོགས་སྐྱོར་ཞིབ་སྲོལ་སོགས་ལེ་ལག་ཚང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་གྲུབ་འབྲས་གཞན་སྒྱུར་མངོན་འགྱུར་བྱུང་ཡོད།

    ལྷ་སའི་མཐོ་གསར་ཁུལ་གྱི་Nསྒྱུར་ཀུན་གཏོད་བར་མཐོངས་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཚན་རྩལ་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་མཚོན་པའི་བསྡུས་རིས་ལྟ་བུ་རེད། 2016ལོ་ཚུན་ལྗོངས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ཀྱི་གྲོན་དངུལ་གཏོང་ཆ་ལོ་རེར་ཆ་སྙོམས་བྱས་ན་འཕར་ཚད་25%ཡན་རྒྱུན་འཁྱོངས་ཐུབ་ཅིང་། ས་གནས་ནོར་སྲིད་ཀྱི་ཚན་རྩལ་གཏོང་སྒོ་2016ལོའི་སྒོར་དུང་ཕྱུར་4.81ནས་2019ལོའི་སྒོར་དུང་ཕྱུར་8བར་མཐོ་རུ་ཕྱིན་ཡོད།

     2019ལོ་བར་ཁུལ་ཁོངས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་དང་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་44.3%དང54.5%སོ་སོར་ཟིན་པ་དང་། སྔོན་དཔག་བྱས་ན། 2020ལོར་སླེབས་སྐབས་45%དང55%སོ་སོར་ཟིན་རྒྱུ་རེད།

    དཀའ་ལས་བརྒྱབ་པར་འབྲས་བུ་སྨིན། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་66ཡོད་པའི་བཟོ་ལས་ཐོན་རྫས་ཀྱི་རིན་ཐང་བསྡོམས་སྒོར་དུང་ཕྱུར་150.25ཟིན་པ་དེ་ལོ་གོང་མ་ལས་33%འཕར་བ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་116ཡོད་པའི་མ་རྩ་བསྡོམས་སྒོར་དུང་ཕྱུར་43.21ཟིན་པ་དེ་ལོ་གོང་མ་ལས་37.4%འཕར་བ། ཁེ་ལས་ཀྱི་ཞིབ་འཇུག་གྲོན་དངུལ་སྒོར་དུང་ཕྱུར་2.1ཟིན་པ་དེ་ལོ་གོང་མ་ལས་59%འཕར་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་འཆར་འགོད་ནང་གཏན་ལ་ཕབ་པའི་དམིགས་ཚད་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་ཡོད།

    དཀའ་གནད་བསལ་བ་ལས་ཚན་རྩལ་འདེཌ་སྐྱོར་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཚན་རྩལ་ཐོན་ཁུངས་ལ་སྤྱི་འདོམས་ཀྱིས་མུ་མཐུད་སྐུལ་འདེད་བཏང་བས་ཚན་རྩལ་གསར་གཏོད་ལས་གཏོད་ཉིན་བཞིན་གསོན་ཉམས་དོད་དུ་ཕྱིན་པ་དང་། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཚན་རྩལ་གསར་གཏོད་ཀྱི་སྣེ་འདྲེན་ནུས་པའང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་ཐེངས་གཉིས་པའི་འདེགས་སྐྱོར་ཞབས་ཞུ་དང་མཐུན་སྦྱོར་འགན་ལེན་གྱི་ལས་དོན་ཧུར་ཐག་བསྒྲུབས་པར་ཚད་ལས་བརྒལ་བའི་ཚན་ཞིབ་གྲུབ་འབྲས་ཁག་གཅིག་ཐོབ་ཡོད།

    ནས་ཐོན་འཕར་དང་། ཕྱུགས་རིགས་དཀར་ནག་སྡོམ་གསོ། ཁྱད་ལྡན་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས། རྩྭ་འདེབས་ཕྱུགས་གསོ་སོགས་ཀྱི་ཚན་རྩལ་གྲུབ་འབྲས་ས་ཁུལ་དབུལ་པོར་གཞན་སྒྱུར་བེད་སྤྱོད་དང་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། ཡུན་རིང་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་པའི་ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྟེན་གཞིའམ་ཡང་ན་དཔེ་སྟོན་ས་ཚིགས་70ལྷག་ཙམ་བཙུགས་ཡོད།

    ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། བོད་ནས་ཨང་16དང་ཧི་མ་ལ་ཡ་ཨང་23སོགས་ནས་སོན་གསར་པ་10དང་། བོད་ཀྱི་དགུན་གྲོ་ཨང་26དང་ལྷོ་ཁའི་དགུན་གྲོ་ཨང་10པ་སོགས་ཀྱི་ལོ་ཏོག་གི་སོན་གསར་ཁག་གཅིག་འདེམས་གསོ་བྱས་པ་དང་། ནས་ཀྱི་རྒྱུད་གྲུབ་སྟར་སྒྲིག་རི་མོ་ཆ་ཚང་བཀོད་དེ་རྒྱལ་སྤྱིའི་སྟོང་ཆ་བསྐངས་བ་དང་། འབྲི་གཡག་གི་རྒྱུད་གྲུབ་དངོས་ཁམས་སྟར་སྒྲིག་རི་མོ་ཆ་ཚང་ཐོག་མར་བཀོད་དེ་ས་བབ་མཐོ་ཚད་སྨི་4750ཡན་ཟིན་པའི་ས་བབ་མཐོ་བའི་འབྲོག་ཁུལ་གྱི་འབྲི་ལ་ལོ་གཅིག་ལ་བེའུ་གཅིག་འཁོར་བའི་འགག་རྩའི་ལག་རྩལ་གྱི་དཀའ་གནད་བསལ་བ། ཨ་དབང་ལུག་དང་། འཕན་པོའི་བལ་འཇམ་རྩུབ་ཀྱི་ལུག ཞང་ཞུང་གི་བལ་འཇམ་རྩུབ་ཀྱི་ལུག རུ་ཐོག་གི་ར་དཀར་པོ་བཅས་རིགས་གསར་གསོ་སྤེལ་དང་རྒྱུད་སྤེལ་རྟེན་གཞི་བཙུགས་ཡོད་པར། ལུ་གུ་སྐྱེ་ཚད་90%ཡན་དང་གསོན་ཚད་92%ཡན་ཟིན་པ། རང་ལྗོངས་སུ་འདེབས་འཛུགས་བྱེད་པར་འཚམས་པའི“ཞུས་ཧྲ་ཨང་བདུན་པ”དང“ལྷ་སའི་སྐྱ་རྩྭ”སོགས་ཕྱུགས་རྩྭ་རིགས་24འདེམས་གསོ་བྱས་ཡོད།

    བོད་སྨན་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། ལྗོངས་ཡོངས་ཀྱི་རྫོང་53གྱི་བོད་སྨན་གྱི་ཐོན་རྫས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། བོད་སྨན་སྨན་རྫས་ཀྱི་ས་གནས་ཀྱི་ཚད་གཞི་102ཞིབ་བཟོ་བྱས་ནས་འབྲེལ་ཁྱབ་བསྒྲགས་བྱས་པ། བོད་ཀྱི་གསོ་བ་རིག་པའི་གནའ་བོའི་ཚད་ལྡན་ཡིག་ཆ་2400ལྷག་ཙམ་གྲངས་འཛིན་ཅན་དུ་བསྒྱུར་ཡོད།

    ས་མཐོར་སྔོ་ཁེབས་སླར་གསོ་དང་བྱེ་ས་ཅན་བཅོས་སྒྲིག་གི་འགག་རྩའི་ལག་རྩལ་ཚད་བརྒལ་བྱུང་བ་དང་། བོད་ཀྱི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་ཐོག་མ་བཙུགས་པ། རིགས་ཁག་གི་སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་ཕྲ་རབ་བཅས་ཀྱི་རིགས་རྒྱུད་ཐོན་ཁུངས1983དང་ཁག་7766འཚོལ་བསྡུ་སྲུང་སྐྱོང་བྱས་པ། རང་ལྗོངས་ཀྱི་ཕྱི་ནས་ཡོང་བའི་སྐྱེ་དངོས་གཙོ་བོ་དང་དེའི་ཁྱབ་ཚུལ་གཏན་འཁེལ་བྱས་པ་བརྒྱུད། ཕྱི་ནས་ཡོང་བའི་ཉེན་ཆེའི་སྐྱེ་དངོས་རིགས་200ལྷག་ཙམ་ཤེས་རྟོགས་ཐུབ་ཡོད། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་སྟོང་ཆ་སྐོང་བའི་ལག་རྩལ་གསར་པ་398དང་། དེ་བཞིན་གྲུམ་བུ་ཚིགས་ཆེན་གྱི་ནད་དང་ཐུམ་འབུའི་ནད་སོགས་ས་གནས་ཀྱི་ཐོན་མང་བའི་ནད་སྨན་བཅོས་བྱ་ཐབས་132ཁྱབ་གདལ་བཏང་ཡོད།

    འགུལ་ཤུགས་ཆེ་རུ་བཏང་བ་ལས་ཤེས་ལྡན་མི་སྣའི་ལས་སྟེགས་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་ཐུབ་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་ཞིང་། 2016ལོ་ཚུན་དུ། རང་ལྗོངས་ཀྱི་མི་14རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་འདེད་འཆར་གཞིའི་ནང་བདམས་པ་དང་། མི་10གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་འདེད་འཆར་གཞིའི་ལས་སྟེགས་བརྒྱུད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ཡི་ནང་བདམས་པ། རྒྱལ་ཁབ་ཀྱི་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣའི་གསར་གཏོད་སྐུལ་གཏོང་ལྟེ་གནས(བོད་ལྗོངས)དང་ཡོན་ཧྲེའི་ལས་སྒྲུབ་ས་ཚིགས་4བསྐྲུན་ཡོད།

    2018ལོར་ལྗོངས་ཡོངས་སུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་ཁྲི་9.2ཡོད་པ་དེ་ལོ་གོང་མ་ལས་5.7%འཕར་ཡོད། རང་ལྗོངས་ཀྱི་ད་ཡོད་ཚན་རྩལ་ལས་དོན་པ་6ལ་ཧོ་ལན་ཧོ་ལེའི་ཚན་རིག་དང་ལག་རྩལ་བྱ་དགའ་ཐོབ་པ་དང་། འབུམ་རམས་པ་ཅི་ཆིའུ་མའེ་ལ་རྒྱལ་ཡོངས་ཀྱི“ཚན་རྩལ་ལས་དོན་པ་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ། པ་སྣམ་རྫོང་གི་ཀྲང་ཤུས་མིང་དང་སྨན་གླིང་རྫོང་གི་སངས་རྒྱས་ཆོས་འཕེལ་སོགས་བློ་མཐུན་4ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ཆེད་མངགས་པའི་མཚན་སྙན་ཐོབ་ཡོད།

    ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་ནུས་ལྡན་བྱས་པ་དང་དུས་མཚུངས། རང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཞིང་། ཞིང་ཆེན་དང་པུའུ་ཡིས་ནས་དང་འབྲི་གཡག་གི་ཐོན་ཁུངས་དང་རྒྱུད་པ་ལེགས་སུ་གཏོང་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མཉམ་དུ་བསྐྲུན་རྒྱུར་ཚན་རྩལ་པུའི་ཆོག་མཆན་ཐོབ་སྟེ་བསྐྲུན་ནས་བོད་དུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མེད་པའི་སྟོང་ཆ་བསྐངས་ཡོད། མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་1དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་ཁུལ་4 རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་1 རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་སྐྱོང་གསོ་ཁང་1དང་རྒྱལ་ཁབ་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རིག་གནས་ཚན་རྩལ་ཡུལ་སྐོར་བསམ་བཀོད་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་1 རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་37 རང་སྐྱོང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་3 རང་སྐྱོང་ལྗོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་1བཅས་བསྐྲུན་ཡོད།

    བྱང་ཚད་མཐོ་རུ་བཏང་བ་ལས་ཚན་རིག་ཁྱབ་གདལ་གྱི་དམངས་ཕན་བྱ་སྤྱོད་མི་སེམས་ལ་གཏིང་ཟབ་ཟུག་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཚན་རྩལ་པུའུ་དང་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་ལྗོངས་ཀྱིས“བོད་དུ་ཚན་རིག་ཁྱབ་གདལ་གཏོང་བ”དང“ཚན་རིག་མེ་འཁོར་བོད་དུ་སྐྱོད་པ”སོགས་ཀྱི་དཔེ་སྟོན་བྱེད་སྒོ་ཆེ་གྲས་གྲུབ་འབྲས་ཐོན་པའི་ངང་སྤེལ་བ་དང་། རིམ་རྩིས་བྱས་ན། བྱེད་སྒོ་སྣ་ཚོགས་ཐེངས་80ལྷག་ཙམ་སྤེལ་བ། རང་སྐྱོང་ལྗོངས་ཚན་རྩལ་ཐིང་ལོ་7བསྟུད་མར་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་ཕུལ་བྱུང་སྒྲིག་འཛུགས་ཚན་པར་བདམས་ཡོད།

    ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཕྱོགས་པའི་ཉེར་སྤྱོད་ལག་རྩལ་དང་ཚན་རིག་ཁྱབ་གདལ་རྒྱུན་ཤེས་ཀྱི་བོད་ཡིག་གི་གྲངས་གཞིའི་མཛོད་བཙུགས་ཏེ། ཆ་འཕྲིན་ཡིག་འབྲུ་ཁྲི་200ལྷག་ཙམ་བོད་ཡིག་ཏུ་བསྒྱུར་ཡོད། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བཙུགས་པ་དང་། ཁག་དང་པོའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི་ནང་གྲུབ་འབྲས་ཐོབ་པའི་ངང་བདམས་པ། ལྟ་སྐོར་བ་མི་ཐེངས་ཁྲི་29.55དང་ལྟ་སྐོར་ཚོགས་པ་1522ལ་སྣེ་ལེན་ཞུས་པ། རིན་མེད་ངང་འཆད་འཁྲིད་ཐེངས་1500ལྷག་ཙམ་བྱས་པ། གཞོན་ནུ་ལོ་ཆུང་དང་གཞི་རིམ་མང་ཚོགས་གཙོ་བོར་བཟུང་བའི་རིགས་ཁག་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་320ལྷག་ཙམ་སྤེལ་ཞིང་། དེ་ཉིད་བོད་ཀྱི་ཚན་རྩལ་གསར་གཏོད་དང་ཚན་རིག་དྲིལ་བསྒྲགས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར་བོད་དུ་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་1དང་། ཚན་རིག་ཁྱབ་གདལ་དཔེ་སྟོན་དང་སློབ་གསོའི་རྟེན་གཞི་144 ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་རྫོང་13 དགོན་སྡེའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཡུལ་25བཅས་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།