དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སང་ཉིན་ནས་བཤམས་མཛོད་ཁང་དེར་ལྟ་སྐོར་ལ་འགྲོ་ཆོག་གི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-16

    གསར་འགོད་པར་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་17ཉིན། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་སླར་ཡང་སྒོ་མོ་འབྱེད་རྒྱུ་ཡིན་ཞིང་། སྒོ་མོ་འབྱེད་རྒྱུར་གྲ་སྒྲིག་གང་ལེགས་བྱ་ཆེད་བཤམས་མཛོད་ཁང་གི་ཐོག་བརྩེགས་ཚང་མར་དུག་སེལ་བྱས་པ་མ་ཟད། ཚ་བ་ལྟ་ཆས་དང་། དུག་སེལ་གཤེར་ཁུ། ལག་འཁྲུད་འདག་ཁུ་སོགས་སྔོན་འགོག་དང་ཚོད་འཛིན་གྱི་མཁོ་ཆས་བཀོད་སྒྲིག་འདང་ངེས་བྱས་འདུག

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པའི་བརྒྱུད་རིམ། 

    སྔོན་ལ “དྲ་ཐོག་ནས་བོད་ལྗོངས་སྐོར་བ”(云瞰西藏游)ཞེས་པའི་རྩ་གཉིས་ཨང་རྟགས་བཤེར་བ་དང་འབྲེལ་སྐད་འཕྲིན་ཐོག་ནས“ཀྲུང་གོའི་བོད་ལྗོངས་ཡུལ་སྐོར”(中国西藏旅游)གྱི་སྤྱི་རྟགས་ལ་དོ་སྣང་བྱས་ཏེ། “ཡུལ་སྐོར་བས་དྲ་ཐོག་ནས་ཨང་ཀི་རེ་ཞུ་བྱེད་པ”(游客云瞰码申领)མནན་ནས་ཐོབ་ཐང་ཆ་འཕྲིན་གཏན་འཁེལ་བྱེད་པ་དང་འབྲེལ་སྒོ་འཛིན་ལེན་དགོས། འཛུལ་སྒོར་བདེ་སྲུང་བས་ལྟ་སྐོར་བྱེད་མཁན་གྱི་གཟུགས་པོར་ཚ་བ་ལྟ་བ་དང་། དུག་སེལ་བྱེད་པ། ཁ་རས་བརྒྱབ་ཡོད་མེད་ལྟ་བ་བཅས་དང་འབྲེལ་ཐོ་འགོད་དང་བདེ་འཇགས་ཞིབ་བཤེར་བྱེད་རྒྱུ་རེད། ཚོགས་པ་ལྟ་སྐོར་ལ་ཡོང་སྐབས་ཉིན་3གྱི་གོང་ནས་སྤ་སེ་སྔོན་མངགས་བྱེད་དགོས།

    སྔོན་མངགས་ཁ་པར། 

    0891-6401068 ཉིན་གཅིག་ལ་ཚོགས་པ་5དང་ཚོགས་པ་རེར་མི་30ལས་འགྲོ་མི་ཆོག

    སྒོ་མོ་འབྱེད་པའི་དུས་ཚོད།

    ཆུ་ཚོད་10∶00——17∶30   གཟའ་ཟླ་བ་དང་གཟའ་མིག་དམར་ལ་སྒོ་ཕྱེས་ཀྱི་མེད།(རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་ཉིན་མོ་ཕུད)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།