
ཉེ་བའི་ལོའི་རིང་། རང་ལྗོངས་ཀྱིས“ལས་ཞུགས་ཕྱོགས་སྟོན་དུ་འཛིན་པ་དང་ཞབས་ཞུ་རྩ་དོན་དུ་འཛིན་རྒྱུ”མཐའ་འཁྱོངས་བྱས་ནས་ལས་རིགས་རྩལ་ནུས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཤིང་། མི་དེ་བས་མང་བས་ལག་ཤེས་སྣེ་གཅིག་ཁོང་དུ་ཆུད་པར་བྱས་ནས། ལས་ཞུགས་འབབ་འཕར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པར་བྱས་ཡོད། འདི་ནི་བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མས་འཚེམ་ཁང་དུ་འཚེམ་བུ་རྒྱག་བཞིན་པ།