
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ངེས་གནས་སྔར་བས་མངོན་གསལ་དོད་དུ་བཏང་བས་བོད་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་སློབ་གསོ་གཉེར་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར། རང་ལྗོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་བཙུགས་ཏེ་རྒྱལ་ཡོངས་ཀྱི་སྔོན་དུ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་ཐུབ་ཡོད། འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སློབ་གསེང་བྱེད་སྒོ་སྤེལ་བཞིན་པ།