དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བཟའ་བཏུང་ལུགས་མཐུན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-14

    བཟའ་བཏུང་ལུགས་མཐུན་ཞེས་པ་ནི་ཉིན་གཅིག་གི་ལྟོ་དུས་གསུམ་གྱི་འཚོ་བཅུད་ཀྱིས་མིའི་གཟུགས་པོའི་འཚར་ལོངས་དང་། འཚར་སྐྱེ། ལུས་ཁམས། ལུས་པོའི་འགུལ་སྐྱོད་སྣ་ཚོགས་ཀྱི་དགོས་མཁོ་ངེས་པར་དུ་སྐོང་དགོས། ཁ་ལག་ལུགས་མཐུན་ངང་བཟས་ཚེ་ཤ་རིད་དུ་གཏོང་བའི་དམིགས་ཚད་མངོན་གསལ་དོད་པོས་མངོན་འགྱུར་ཡོང་ཐུབ།

    1.ཕྲུ་གུ་དང་གཞོན་ནུ་ལོ་ཆུང་གི་དུས།

    ཕྲུ་གུའི་དུས་ཤ་མངོན་གསལ་རྒྱགས་པ་ཡོད་ན་མ་གཏོགས་བཟའ་འཐུང་ལ་ཚད་བཀག་བྱེད་མི་དགོས། ཀལ་ཉམས་པ་ནི་ཀྲུང་གོའི་ཕྲུ་གུ་ཕལ་ཆེ་བར་ཐོན་པའི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་རེད། ཀྲུང་གོ་འཚོ་བཅུད་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི་ཚད་གཞི་གཞིར་བཟུང་། ལོ་དགུ་མན་གྱི་སློབ་ཆུང་སློབ་མར་ཉིན་ལྟར་འཚོ་བཅུད་ཀལ་ཧའོ་ཁེ་800ལྡན་དགོས་པ་དང་། ལོ་10ནས་ལོ་15བར་གྱི་སློབ་ཆུང་སློབ་མར་འཚོ་བཅུད་ཀལ་ཧའོ་ཁེ་1000ནས་1200བར་ལྡན་དགོས། འོན་ཀྱང་རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་ཆེ་བར་འཚོ་བཅུད་ཀལ་ལྡན་ཚད་དེ་འོས་སྦྱོར་བྱས་པའི་ཚད་གཞིའི་ཕྱེད་ཀའི་གཡས་གཡོན་ལས་ཟིན་གྱི་མེད། འདི་ནི་ཀྲུང་གོའི་ཁྱིམ་ཚང་གི་སྲོལ་རྒྱུན་གྱི་བཟའ་བཏུང་གོམས་གཤིས་ལ་རག་ལུས་ཡོད།

    2.དར་མའི་དུས།

    ན་སོ་དར་ལ་བབས་སྐབས་སྙིང་ཁམས་ཁྲག་རྩའི་ནད་ཕོག་སླ་བའི་ལོ་ཚད་དུ་སླེབས་པ་དང་། བདེ་ཐང་གི་བཟའ་བཏུང་ནི་སྔོ་ཚལ་དང་། ཤིང་འབྲས། ཉ་བཅས་མང་ཙམ་བཟའ་དགོས་པ་དང་དེ་ནས་རྒུན་འབྲུམ་ཨ་རག་ཕྲན་བུ་འཐུང་དགོས། གསོ་བ་རིག་པའི་ལས་རིགས་ཀྱིས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ཀྲོ་མ་ཀྲུར་དགེ་མཚན་ལྡན་པའི་དབྱང་འགྱུར་འགོག་རྫས་ལྡན་ཡོད། དེས་མདུན་ཆགས་རྨེན་བུའི་འབྲས་སྐྲན་དང་། གློ་བའི་འབྲས་སྐྲན། ཕོ་བའི་འབྲས་སྐྲན་བཅས་སྔོན་འགོག་བྱེད་ཐུབ། གཞན་ཡང་སྲན་ཆེན་ནང་རང་བྱུང་གི་མོ་སྐུལ་རྒྱུ་ཡོད་པས་དེར་སྨན་སྤྱོད་ཀྱི་རིན་ཐང་ལྡན་ཡོད་པ་དང་། ལྷག་པར་དུ་ལོ་ན་བརྗེ་དུས་ཀྱི་བུད་མེད་ལ་ཕན་ཐོགས་ཆེན་པོ་ཡོད། སྲན་ཆེན་གྱིས་མཁྲིས་རྒྱུའི་གཤེར་རྩི་དམའ་རུ་གཏོང་ཐུབ་པས་རྒྱུན་དུ་བཟའ་འཐུང་བྱེད་སྐབས་ངེས་པར་དུ་སྲན་ཆེན་བཟའ་དགོས། ཞག་ཚིལ་གྱི་སྐོར་བརྗོད་ན་དེ་ལ་དགེ་མཚན་མང་པོ་ཡོད་པ་སྟེ། དེས་ནུས་པ་དང་འཚོ་བཅུད་ཁ་གསབ་བྱེད་ཐུབ། འོན་ཀྱང་ཡག་ཤོས་བྱུང་ན་ཤ་ཚིལ་འདྲེས་མ་འདེམས་དགོས་པ་སྟེ་དཔེར་ན། ཉ་དང་ངང་པ་ལྟ་བུ།

    3.མངལ་འཁོར་དུས།

    མངལ་འཁོར་དུས་ནི་དམིགས་བསལ་གྱི་དུས་སྐབས་ཤིག་ཡིན་ཞིང་། ཕྲུ་གུ་ཡག་པོ་ཞིག་སྐྱེ་དགོས་ཚེ་ངེས་པར་དུ་ཕྱོགས་གཅིག་ནས་འཚོ་བཅུད་མང་པོ་བཟས་ཏེ་མངལ་ནང་གི་ཕྲུ་གུར་འཚོ་བཅུད་འདང་ངེས་ ཡོང་བ་བྱེད་དགོས། ཕྱོགས་གཞན་ཞིག་ནས་གཟུགས་པོའི་ལྗིད་ཚད་འཕར་དྲགས་ནས་ཕྲུ་གུ་བཙས་རྗེས་གཟུགས་བྱད་སླར་གསོ་མི་ཐུབ་པར་སེམས་ཁྲལ་བྱེད་ཀྱི་ཡོད། དོན་དངོས་ཐོག་རྒྱུན་གཏན་ནས་སྦྲུམ་མས་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་དགོས་མེད། གཙོ་བོ་ནི་བཟའ་བཏུང་དོ་སྙོམས་ཡོང་བའི་འགན་ལེན་བྱེད་དགོས། ལྷག་པར་དུ་ཞོགས་ཟས་ངེས་པར་དུ་བཟའ་དགོས། སྦྲུམ་མས་རྒྱུན་དུ་ལོ་མའི་སྐྱུར་རྒྱུ་འདུས་པའི་བཟའ་བཅའ་མང་ཙམ་ཟ་དགོས་པ་དཔེར་ན། མཆིན་པ་དང་། པོ་ཚལ། སྔོ་ཚལ། ཤིང་འབྲས་སྐམ་པོ། ཞོ་སོགས་ཡིན་པ་དང་དེས་ཕྲུ་གུ་དམར་འབྱར་གྱི་འཚར་ལོངས་ལ་ཕན་པ་ཆེན་པོ་ཡོད།

    4.རྒན་རྒོན་གྱི་དུས།

    མི་རྣམས་ལོ་ན་རྒས་ཚེ་གཟུགས་པོ་རིམ་བཞིན་སྐྱོ་རུ་འགྲོ་བ་དང་ལྟོའི་དང་ག་ཡང་སྔོན་མ་དང་བསྡུར་ཐབས་མེད། དེར་བརྟེན། ཟས་རིགས་ལ་ངེས་པར་དུ་འཚོ་བཅུད་ཕུན་སུམ་ཚོགས་པོ་དགོས་ལ་འཇུ་བདེ་པོ་ཡང་དགོས། གལ་སྲིད་ལྕགས་རྒྱུ་མང་དྲགས་ཚེ་མཆིན་པའི་འབྲས་སྐྲན་ཕོག་སླ་བ་དང་། སྲོག་ཆགས་ཀྱི་ཞག་ཚིལ་ཟས་དྲགས་ན་ནུ་མའི་འབྲས་སྐྲན་དང་ལོང་ཁའི་འབྲས་སྐྲན་ཕོག་སྲིད། འབྲས་སྐྲན་རིགས་གཞན་དག་ཕོག་པར་སྔོན་འགོག་བྱ་ཆེད། འབྲས་སྐྲན་སྔོན་འགོག་གི་ཟས་རིགས་མང་ཙམ་བཟའ་དགོས། དཔེར་ན་སྔོ་ཚལ་དང་། ཤིང་འབྲས་སོས་པ། པོ་ཚལ། ཀྲོ་མ་ཀྲུ། ཇིན་ཚལ། ཀུ་ཤུ། ཆི་བི་ཁ། ཚ་ལུ་མ། པོ་ལོ། སྲན་མ། སྲན་མྱུག གུང་ལ་ཕུག་སོགས་ཡིན།

    རིགས་གཅིག་མཁས་ཅན་གྱི་དྲན་སྐུལ།

    བཟའ་བཏུང་ལུགས་མཐུན་བྱ་རྒྱུ་ནི་བདེ་ཐང་གི་འགག་རྩ་རེད།

    ཤ་བཟས་དྲགས་ན་བདེ་ཐང་ལ་ཕན་ཐོགས་མེད། བཀྲེས་ལྟོགས་ཀྱིས་མནར་བའི་མི་ཞིག་གི་ངོས་ནས་བརྗོད་ཚེ། ཁོང་ཚོས་ཤ་ཟ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། འཚོ་བ་སྐྱོ་པོ་སྐྱེལ་རྒྱུར་གོམས་པའི་མི་རྣམས་ཀྱི་ངོས་ནས་རེ་སྒུག་ཆེ་ཤོས་ནི་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ཡིན། ལྟོ་གོས་འཛོམས་ཙམ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་འཚོ་བ་གྲ་རྒྱས་པོ་སྐྱེལ་རྒྱུ་བྱུང་བ་ནི་ཕྱུག་པོ་ཆགས་པའི་ཀྲུང་གོ་བའི་ངོས་ནས་བརྗོད་ན་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།