དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དཔྱིད་དུས་སུ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2020-04-22

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་བསྟུན་ནས། དུས་བསྟུན་རྟོགས་དཔྱོད་དང་། ཚན་རིག་དང་མཐུན་པའི་བརྡར་གཅོད། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་། རྩ་འཛུགས་ཀྱི་ལེགས་ཆ་འདོན་པ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། དཔྱིད་རྨོད་དཔྱིད་འདེབས། དབུལ་སྒྲོལ་འགག་སྒྲོལ་སོགས་མིག་སྔའི་ལས་དོན་གཙོ་བོ་ཡག་པོ་སྒྲུབ་བཞིན་ཡོད།

    སྲིད་ཇུས་དོན་འཁྱོལ་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱེད་པ།

    ཟླ་3ཚེས་18ཉིན། ཁྲེང་ཀོན་ཆུས་ཀྱིས་2020ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཛད་སྒོ་འཚོགས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་134.52བཏང་བའི་གཙོ་གནད་རྣམ་གྲངས་64ལས་འགོ་བསྐྱར་འཛུགས་བྱེད་རྒྱུའི་བརྡ་བཏང་བ་རེད།

    ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ཡག་པོ་བསྒྲུབ་ཆེད། ཁྲེང་ཀོན་ཆུས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། ཁོངས་གཏོགས་ཀྱི་སྨྱན་སྦྱོར་ལས་སྟེགས་བརྒྱུད་དུས་ཐོག་ཏུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བརྒྱུད་རིམ་གྱི་བྱ་ཐབས་ཡོངས་བསྒྲགས་བྱས་པ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཏང་ཡོན་གྱི་དྲིལ་བསྒྲགས་ཡན་ལག་རུ་ཆུང་51བཙུགས་ཏེ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་ཚོང་དུད་ལ་སྲིད་ཇུས་གསལ་འགྲེལ་ཡག་པོ་བྱས་ནས། ཁེ་ལས་དང་ཚོང་དུད་ཀྱིས་སྲིད་ཇུས་ཤེས་རྟོགས་དང་། བརྒྱུད་རིམ་ཁོང་དུ་ཆུད་པ། ལས་འགོ་གང་མགྱོགས་བསྐྱར་འཛུགས་བཅས་བྱེད་རྒྱུ་འགན་ལེན་བྱས་པ་རེད།

    ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་གཞི་ཁྱོན་ཡན་གྱི་ཁེ་ལས་སུ་བཅའ་སྡོད་བྱེད་པར་མངགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་གི་དམིགས་བསལ་གྱི་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་དང་། ཁེ་ལས་ལ་ཁང་གླ་སྒོར་ཁྲི་1000ཉུང་འཕྲི་དང་རྩ་ཆག་གི་རེ་ཞུ་བྱེད་རོགས་བྱས་པ། ཆུ་དང་། གློག སོལ་རླངས་བཅས་ཀྱི་གྲོན་དངུལ་སྒོར་ཁྲི་200ལྷག་ཙམ་བསྡུ་རྒྱུ་ནར་འགྱངས་བཅས་བྱས་ཏེ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁུར་པོ་ཡང་དུ་བཏང་བ་རེད།

    གྲ་སྒྲིག་ལས་དོན་ཡག་པོ་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་བྱེད་མགྱོགས་སུ་གཏོང་བ།

    ཁྲེང་ཀོན་ཆུས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་དཔྱིད་རྨོད་དཔྱིད་འདེབས་ལ་དམ་འཛིན་བྱས་ཤིང་། ཏང་ཡོན་གྱི་དཔྱིད་རྨོད་འཕྲལ་སྒྲུབ་རུ་ཁག་10གཅིག་མཇུག་གཉིས་མཐུད་ངང་བཙུགས་ཏེ། གྲོང་མིའི་སྒོ་ཁ་དང་ཞིང་ནང་དང་མུ་ཁར་བསྐྱོད་ནས་དཀའ་ངལ་སེལ་རོགས་བྱས་པ་དང་། གྲོང་མི་མང་ཚོགས་ཚོས་དྲ་ཐོག་ནས་མངགས་པ་དང་ཏང་ཡོན་དང་བླངས་པས་ཞབས་ཕྱི་ཧུར་ཐག་ཞུས་ཏེ་ནས་སོན་དང་། ཞིང་སྨན། རྫས་ལུད་སོགས་ཞིང་ལས་མཁོ་དངོས་ཏུན་5ཉོ་སྒྲུབ་དང་སྡེབ་སྐྱེལ་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཡོད།

    དེ་དང་དུས་མཚུངས། ཁྲེང་ཀོན་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལས་ཁུངས་ཀྱི་ཏང་ཡོན་རྐང་འཛིན་པ་ཟུར་འཐེན་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཞིང་ནང་དུ་མཛུབ་ཁྲིད་བྱེད་པར་གདན་དྲངས་ཏེ་མེ་ཏོག་དང་འབྲས་ཤིང་ལ་ཡལ་བཞུར་རྒྱག་པ་དང་། ལུད་རྒྱག་པ། གནོད་འབུ་འགོག་བཅོས་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་དཔྱིད་དུས་ཀྱི་ཞིང་ནང་དོ་དམ་ལག་རྩལ་གྱི་བྱ་ཐབས་ཁག་དངོས་འབྲེལ་དོན་ཐོག་ཏུ་ཡག་པོ་འཁྱོལ་བར་བྱས་པ་རེད། མིག་སྔའི་བར། ཁྲེང་ཀོན་ཆུས་ཀྱིས་ཕྱོགས་ཡོངས་ནས་དཔྱིད་རྨོད་དཔྱིད་འདེབས་དང་། མེ་ཏོག་དང་འབྲས་ཤིང་ལ་ཡལ་བཞུར་རྒྱག་པ་སོགས་ཀྱི་གཙོ་གནད་ལས་དོན་ལེགས་གྲུབ་ཟིན་ནས་ནད་ཡམས་ཐོན་རིང་བཟའ་འབྲུ་འགན་ལེན་དང་ཞིང་ལས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་སློང་དུང་བརྡ་གྲགས་པ།

    ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་མི་སྤྱི་སྡེ་ཚན་གྱིས་གཅིག་གཏད་གཅིག་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ལས་ཞུགས་ལ་རོགས་རམ་བྱས་པ་དང་། ཕན་བདེ་གླིང་གི་ཡུལ་གཞན་ནས་གནས་སྤོས་པའི་ཞིང་འབྲོག་པ་52ལ་རང་སར་ལས་ཞུགས་གཞན་སྒྱུར་གྱི་གྲོས་མཐུན་ཡི་གེ་དང་ངལ་རྩོལ་གན་རྒྱ་འཇོག་རོགས་བྱས་པ་རེད།

    ཁྲེང་ཀོན་ཆུས་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་གཞིགས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་རྨང་གཞིའི་ཞན་ཆ་མུ་མཐུད་སེལ་བ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོར་དམིགས་པ་དང་། ཏང་ཡོན་གྱིས་ཡུག་ཁུལ་འགན་ལེན་དང་། དུད་ཚང་འགན་ལེན། མི་སྣ་འགན་ལེན་བཅས་ཀྱི་འགན་ལེན་གསུམ་གྱི་ལས་དོན་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཡོང་འབབ་ཉུང་བའི་དུད་ཚང་383གྱི་མི་1173ལ་རིམ་པས་མཐིལ་རྟོགས་བྱས་ཏེ། མི་291ཕྱིར་གླ་པར་འགྲོ་རྒྱུར་དུས་ཐོག་ཏུ་རོགས་རམ་དང་མཐུན་སྦྱོར་བྱས་པ་དང་མི་242ལ་སྣོད་བཅུད་ཁ་གསབ་ཀྱི་ལས་གནས་བཀོད་སྒྲིག་བྱས་པས་མང་ཚོགས་ལ་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    བདེ་འཇགས་འཐུང་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་རྣམ་གྲངས་3ལས་འགོ་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཡུལ་གཞན་ནས་གནས་སྤོས་བྱས་པའི་མང་ཚོགས་མི་ཐེངས་1000ལྷག་ཙམ་སྤྱི་ཆིང་32.67ཟིན་པའི་གླ་ཚེར་གླིང་འདེབས་འཛུགས་ནང་ཞུགས་རྒྱུར་འབོད་སྐུལ་བྱས་པར་སྔོན་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་བཟོ་ཡོད་པ་རེད།

    “དམངས་འཚོ་ལེགས་གཏོང”ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། སྡོད་ཁང་སྐྱོ་ཁུལ་གཅིག་ཀྱང་མི་ལྷག་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཉེན་ཁང་སྒྱུར་བཀོད་དང་ཡོང་འབབ་དམའ་བའི་མང་ཚོགས་དང་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་རྩིས་ཞུའི་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་གང་ཐུབ་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།