དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་ས་ངོས་གནམ་གཤིས་ལྟ་དཔྱད་ཚད་འཇལ་ཕྱོགས་ཡོངས་ནས་རང་འགུལ་ཅན་དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-04-08

     ཉེ་ཆར། ནག་ཆུའི་རྒྱལ་ཁབ་ཚད་གཞིའི་གནམ་གཤིས་ས་ཚིགས་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་ཚོགས་ཆུང་གི་ཙུའུ་ཀྲང་རྡོ་རྗེ་ཚེ་དབང་གིས་དུས་བཀག་ལྟ་དཔྱད་ཚད་འཇལ་ལས་དོན་ལེགས་གྲུབ་ཟིན་རྗེས། མི་ཐབས་ཀྱི་ལྟ་དཔྱད་ཚད་འཇལ་ཟིན་ཐོ་གསལ་གསལ་ཐིང་ཐིང་ངང་ཟིན་དེབ་ཐོག་བཀོད་རྗེས་ཡིག་ཚགས་མཛོད་ནང་བཅུག་པ་རེད། དེ་ཐོག་ནས་བོད་ཀྱི་ས་ངོས་གནམ་གཤིས་ལྟ་དཔྱད་ཚད་འཇལ་མི་ཐབས་ལ་བརྟེན་ནས་ལྟ་དཔྱད་ཚད་འཇལ་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས་ཕྱོགས་ཡོངས་ནས་རང་འགུལ་ཅན་གྱི་དུས་རབས་སུ་སླེབས་ཏེ་བོད་ཀྱི་གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་ལ་མཚོན་རྟགས་རང་བཞིན་གྱི་འཕེལ་རྒྱས་གལ་ཆེན་བྱུང་བ་མཚོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་གནམ་གཤིས་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་1ཉིན་ནས་བཟུང་། བོད་ཀྱི་ས་ངོས་གནམ་གཤིས་ལྟ་དཔྱད་ཚད་འཇལ་རང་འགུལ་ཅན་གྱི་སྒྱུར་བཅོས་རྒྱལ་ཡོངས་དང་མཉམ་དུ་དུས་གཅིག་ཏུ་བྱས་པ་དང་། ཚོད་ལྟའི་ལས་གཉེར་ནས་དངོས་སུ་ལས་སྒོ་གཉེར་སྐྱོང་བར་ལེགས་སྒྲིག་བྱས་ཏེ་གནམ་གཤིས་བརྟག་དཔྱད་ཁང་དང་ས་ཚིགས་ཁག་གི་མི་ཐབས་ཀྱིས་དུས་བཀག་ལྟ་དཔྱད་ཚད་འཇལ་བྱེད་པ་དང་རྒྱུན་གཏན་ལས་རེས་བྱེད་པ་སོགས་ཀྱི་ལྟ་ཞིབ་ཚད་འཇལ་གྱི་ལས་འགན་མེད་པ་བཟོས་ཏེ་མི་ཐབས་ཀྱི་འཕྲལ་སྡོམ་ལྟ་དཔྱད་ཚད་འཇལ་གྱི་ནུས་པ་སོར་འཇོག་བྱས་པ་དང་འབྲེལ། འཕྲལ་སྡོམ་མམ་ཡང་ན་དམིགས་བསལ་གྱི་ལས་ཀའི་གནས་ཚུལ་འོག་བླང་བྱ་གཞིར་བཟུང་འཕྲལ་སྡོམ་ལྟ་དཔྱད་ཚད་འཇལ་བྱེད་རྒྱུ་ཡིན་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།