དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་རིགས“སྐྱེད་མ”ཞིག་དང་ཁོང་གི་ཕྲུ་གུ་22དབར་གྱི་ལས་འབྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-03-23

    715354_yis_1584425911730_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས(གཡས་ཀྱི་བཞི་པ)དང་ཁོང་གི་ཕྲུ་གུ་ཚོ་མཉམ་དུ་པར་རྒྱག་བཞིན་པ།

    715352_yis_1584425910640_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས(གཡས)ཀྱིས་ཕྲུ་གུར་ཡི་གེ་སློབ་བཞིན་པ།

    715355_yis_1584425912200_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཕན་ཐོགས(མདུན)དང་ཕྲུ་གུ་ཚོ་མཉམ་དུ་པར་རྒྱག་བཞིན་པ།

    715356_yis_1584425912760_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས་ཀྱིས“བུ་མོའི”སྐྲ་སླ་བཞིན་པ།

    715353_yis_1584425911160_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕྲུ་གུ་ཚོས་བརྙན་འཕྲིན་ལྟ་བཞིན་པ།

    འདི་ལོ་ལོ་37ལ་སླེབས་པའི་ཕན་ཐོགས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་ཡིན་པ་དང་། 2014ལོར་ཁོང་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ལས་ཀར་ཞུགས། ཁོང་གི་ལས་གནས་ནི“སྐྱེད་མ”ཞིག་བྱེད་རྒྱུ་དེ་རེད།

    “ང་ཚོས་ཕྲུ་གུ་300ལྷག་ཙམ་ཁྱིམ་ཚང་18ལ་བགོས་ནས་ལྟ་སྐྱོང་བྱེད་ཀྱི་ཡོད། ཁྱིམ་ཚང་རེར‘སྐྱེད་མ’རེ་བཀོད་སྒྲིག་བྱས་ཡོད། ཕན་བདེ་ཁང་དུ་གསོས་པའི་ཕྲུ་གུ་ནི་དྭ་ཕྲུག་ཤ་སྟག་རེད། མིག་སྔར་ཆུང་ཤོས་ཟླ་བ་གསུམ་གྱི་ཕྲུ་གུ་དམར་འབྱར་ཞིག་དང་ཆེ་ཤོས་སློབ་ཆེན་ལོ་རིམ་བཞི་པར་འགྲོ་ཡི་ཡོད། གལ་སྲིད་ཕྲུ་གུ་ཚོ་མུ་མཐུད་ཟབ་སྦྱོང་བྱེད་འདོད་ན་ཕན་བདེ་ཁང་གིས་ཁོ་ཚོ་སྤྱི་ཚོགས་ཐོག་ཏུ་མ་བསྐྱོད་བར་སློབ་ཡོན་སྤྲོད་ཀྱི་ཡོད”ཅེས་ཕན་བདེ་ཁང་གི་ཡོན་ཀྲང་ནོར་བུ་སྒྲོལ་མས་བཤད།

    2015ལོའི་ལོ་འགོར་ཕན་ཐོགས་ཀྱིས་ཁྱིམ་ཚང་བཅུ་པའི་འགན་ཁུར་ནས་ཕྲུ་གུ་22ཀྱི“སྐྱེད་མར”གྱུར། ཁོང་དང་ཕྲུ་གུ་ཚོ་ཁང་མིག་བཞི་དང་ཚོམས་ཆེན་གཅིག་ཡོད་པའི་སྤྱི་ཤག་གཉིས་སུ་སྡོད་ཀྱི་ཡོད། སྤྱི་ཤག་རེའི་ཁང་མིག་གཅིག་ཟ་ཁང་དང་ཁང་མིག་གཞན་དག་གསུམ་ཉལ་ཁང་རེད། སྡོད་ཁང་གི་ཚོམས་ཆེན་དུ་ཧྲ་ཧྥ་དང་། བརྙན་འཕྲིན། འཁྱག་སྒམ་སོགས་ཁྱིམ་ཆས་བསྒྲིགས་ཡོད་པ་དང་སྡོད་ཁང་གི་བཟོ་བཀོད་ཕན་ཐོགས་ཀྱིས་ཇུས་འགོད་བྱས་པ་རེད། ཕྲུ་གུ་ཚོས་སྲིད་གཞུང་གིས་སྤྲད་པའི་གཞི་རྩའི་འཚོ་བའི་གྲོན་དངུལ་ལོངས་སྤྱོད་ཐུབ་པ་དང་ཕྲུ་གུ་ཚོའི་ཟས་གོས་འགྲོ་སྡོད་ཀྱི་འགྲོ་གྲོན་ཕན་ཐོགས་ཀྱིས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད།

    མིག་སྔར་བོད་དུ་བྱིས་པའི་ཕན་བདེ་ཁང་11ཡོད་པ་དག་གཅིག་གྱུར་གྱི་ཚད་གཞི་གཞིར་བཟུང་བསྐྲུན་པ་ཞིག་རེད། བྱིས་པ་རེས་ཟླ་རེར་སྒོར་1000ནས་1350བར་གྱི་འཚོ་བའི་གྲོན་དངུལ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་མ་ཟད། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།