ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་51%ཟིན་པ་དེ་ལོ་10གོང་དང་བསྡུར་ན་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་16%འཕར་བ་དང་། རྒྱལ་ཡོངས་ཀྱི་ཆུ་ཚད་59.5%དང་ཧེ་བག་བརྒྱ་ཆའི་གྲངས་8.5ལས་མེད་པས་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད།
2019ལོར་བོད་ཀྱིས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། དངུལ་བུན་སྐྱེད་གསབ། རྣམ་གྲངས་ཁ་གསབ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚན་རྩལ་གསར་གཏོད་དང་ཚན་རྩལ་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ་ལོ་ཧྲིལ་པོའི་ནོར་སྲིད་ཚན་རྩལ་གཏོང་སྒོ་སྒོར་དུང་ཕྱུར་10ཡན་ཟིན་པ་དང་། ནོར་སྲིད་ཚན་རྩལ་མ་དངུལ་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་ཁག་སོ་སོར་23%དང་19%འཕར་ནས་བོད་ཀྱི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་དང་སྒོ་ཕྱུགས་བཤས་གཏོང་ཚད་རྒྱུན་མཐུད་འཕར་བ་ལས། འབྲུ་རིགས་ཐོན་འབབ་ཏུན་ཁྲི་105ཟིན་པ་དང་། ཤ་དང་དཀར་ཆུའི་ཐོན་ཚད་ཏུན་ཁྲི་90ལྷག་ཙམ་ཟིན་པ། ཞིང་ཕྱུགས་ཐོན་ཚད་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་48.9ཟིན་པ་དུས་མཚུངས་ལས་16%འཕར་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་བོད་ཀྱི་ཞིང་འབྲོག་ལས་རིགས་ཚན་ཞིབ་ཀྱི་གཙོ་ཤུགས་དམག་གི་ངོས་ནས། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཁྱོན་རིམ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས་174འགན་ཁུར་ཏེ་ལོ་ཏོག་དང་། སྒོ་ཕྱུགས་དང་ཁྱིམ་བྱ། ལྡུམ་རའི་སྒྱུ་རྩལ། གཟན་རྩྭ། ཡུལ་དེའི་ཉ་རིགས་སོགས་ཚན་རྩལ་གསར་གཏོད་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བ་དང་། ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། ལུག་གི་རྒྱུད་པ་ལེགས་བཅོས། བཞོན་མ་གསོ་ཚགས། ལྡུམ་རའི་སྒྱུ་རྩལ་འདེབས་འཛུགས། མི་ཐབས་རྩྭ་འདེབས། ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་དང་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་དར་རྒྱས་དང་འབྲེལ་བ་ཡོད་པའི་ཚན་རྩལ་གསར་གཏོད་དང་། ལག་རྩལ་འདུས་གྲུབ། དཔེ་སྟོན་ཁྱབ་གདལ་བཅས་ཀྱི་བཀོལ་སྤྱོད་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པས་ཞིང་འབྲོག་ལས་ཀྱི་ཕན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་དབུལ་སྒྲོལ་དགག་སྒྲོལ་གྱི་དམག་ཐབས་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ཚན་རྩལ་གྱི་འདེགས་སྐྱོར་མཁོ་ འདོན་བྱས་ཡོད་ཅེས་བརྗོད་པ་རེད།