ཟླ་དགུ་པ་ནི་འབྲས་བཟང་བསྡུ་བའི་དུས་ཤིག་རེད།
རང་ལྗོངས་ཀྱི་མི་དམངས་དགེ་རྒན་ཁྲི་5ལྷག་ཙམ་གྱིས་ལོ་དང་ལོ་བསྟུད་ནས་འཆད་སྟེགས་སྟེང་ལངས་ཏེ་དཔེ་ཁྲིད་མི་སྐྱོང་བྱས་ནས་སློབ་མའི་ཚོགས་ལ་བརྩེ་བ་དང་སྟོབས་ཤུགས་སྦྱིན་བཞིན་ཡོད། ཁོང་རྣམ་པས་ལས་གནས་དཀྱུས་མ་ཞིག་ཏུ་རླབས་ཆེན་གྱི་གྲུབ་འབྲས་གཏོད་ཅིང་། འཛམ་གླིང་ཡང་རྩེར་རེ་བའི་ས་བོན་འདེབས་བཞིན་ཡོད།
ང་ཚོས་ལྗོངས་ཡོངས་ཀྱི་མི་དམངས་དགེ་རྒན་རྣམས་ལ་གུས་འདུད་ཞུས་ནས་དུས་ཆེན་གྱི་འཚམས་འདྲི་ཞུ།

“རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ”ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ཞི་བདེ་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་ལྷ་མོས་སློབ་མར་ཟུར་ཁྲིད་བྱེད་བཞིན་པ།

དགེ་རྒན་དུས་ཆེན་སྐབས་གཞིས་རྩེ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།