
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་སྲང་ལམ་དོན་གཅོད་ཁྲུའུ་ཕན་བདེ་ཁུལ་གྱིས་སྔ་རྗེས་སུ་དང་བླངས་པ་30ལྷག་ཙམ་བསྡུས་ཏེ་རེས་གཟའ་སྤེན་པ་དང་ཉི་མ་དེ་བཞིན་གུང་གསེང་གི་སྐབས་སུ་སློབ་མར་སློབ་ཞོར་གཟབ་སྦྱོང་འཛིན་གྲྭ་གཉེར་གྱི་ཡོད་ཅིང་། འདི་ནི་སྡེ་ཁུལ་གྲོང་ལྷན་གྱིས་གཉེར་བའི“ཉི་འོད་སློབ་གསོའི”སློབ་ཚན་ལ་བོད་རིགས་སློབ་མས་སློབ་སྦྱོང་ནན་ཏན་བྱེད་བཞིན་པ།