དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འབྲི་གཡག་ས་མཐོར་འཕྲོད་པའི་ལམ་སྲོལ་ལ་ཚད་བརྒལ་གསར་པ་བྱུང་བ་གསལ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-31

    646508_yis_1564290329846.jpg

    འདི་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ཁང་གི་ཕྱུགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ལས་དོན་མི་སྣས་ནག་ཆུར་ས་གནས་ས་ཐོག་ཏུ་བེའུ་སྐྱེ་འཚར་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་དུས་གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་ལས་སུའོ་ནས་ཤེས་རྟོགས་བྱུང་གསལ། ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་ལས་སུའོ་ཡི་པ་སངས་དབང་འདུས་ཚན་ཞིབ་ཚོགས་པས་ལྷོ་ནུབ་སློབ་ཆེན་ཨོ་ཀོང་ཤིན་ཚན་ཞིབ་ཚོགས་པ་དང་མཉམ་དུ་རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་འབྲི་གཡག་ས་བབ་མི་འདྲ་བར་འཕྲོད་པའི་ཆ་རྡུལ་རྒྱུ་རྐྱེན་ལ་མཉམ་དུ་འགག་སྒྲོལ་ཡོང་བ་བྱས་པས་འབྲི་གཡག་ས་མཐོར་འཕྲོད་པའི་རྒྱུ་རྐྱེན་ལ་ཚད་བརྒལ་གསར་པ་བྱུང་བ་གསལ་སྟོན་བྱས་ཡོད།

    ཞིབ་འཇུག་ཚོགས་པས་གཞི་རྐྱེན་ཧྲིལ་པོའི་ཚོགས་ཆུང་གི་གོ་རིམ་ཚད་འཇལ་གྱི་ལག་རྩལ་ལ་བརྟེན་ནས་རང་རྒྱལ་གྱི་བོད་རིགས་ས་ཁུལ་གྱི་ས་བབ་མི་འདྲ་བར་ཁྱབ་པའི་འབྲི་གཡག་ཚོགས་སྤྱིར་གཞི་རྐྱེན་ཧྲིལ་པོའི་ཚོགས་ཆུང་གི་བརྡ་རྟགས་གདམ་ག་བྱས་པས་སྒལ་རུས་ཅན་གྱི་སྲོག་ཆགས་འཚོ་གནས་ལ་འཕྲོད་པའི་ཁོར་ཡུག་དང་སྐྱེ་ལྡན་འབུད་ལེན་གྱི་ནུས་པ་སོགས་དང་འབྲེལ་བའི་གཞི་རྐྱེན་མང་པོ་ཞིག་ལྡན་པ་ཤེས་རྟོགས་ཐུབ་པར་འདེམས་སྒུག་གཞི་རྐྱེན་གསར་པ་ཁྱོན་21ཡོད། ཞིབ་འཇུག་གྲུབ་འབྲས་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཁྱབ་ཁོངས་དེའི་སྟོང་ཆ་གསབ་པ་དང་དུས་མཚུངས་མིག་སྔར་འབྲི་གཡག་ས་བབ་མི་འདྲ་བར་འཕྲོད་པའི་རྒྱུ་རྐྱེན་གྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་སྟོང་ཆའང་སྔར་བས་གསབ་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱི་ལེགས་ཆ་གཙོ་བོ་ནི་འབྲི་གཡག་གི་ཐོན་ལས་ཡིན་པས་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་ཕག་གཡུ་གྲོང་ཚོ་ནི་དེ་སྔ་སྐད་གྲགས་ཡོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་གསོ་ཚགས་བྱས་པས་འབྲི་གཡག་གི་རྒྱུད་བཟང་གསོ་སྤེལ་དང་། ནུས་ཆེའི་རྒྱགས་གསོ་དང“སྙན་རོང་གི་སྤུས་རྟགས”ཀྱི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་དང་། གསོག་འདྲེན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་འབྲི་གཡག་ཐོན་ལས་ཚན་རྩལ་དཔེ་སྟོན་དུ་གྱུར་བ་དང་། མི་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6ཟིན་པ་དང་ད་ཆ་ནག་ཆུ་གྲོང་ཁྱེར་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་གསར་དང་པོ་དང་དུད་ཚང་ཚང་མར་ཏང་ཡོན་ཡོད་པའི་གྲོང་ཚོ་དང་པོར་གྱུར་ཡོད་ཅིང་།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།