དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་དང་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་ཨང་གཉིས་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-25

    ཉིན་ཤས་གོང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“མ་འོངས་འཚོལ་ཞིབ”ཅེས་པའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་དང་གསར་གཏོད་ཚོད་ལྟ་སྐབས་དྲུག་པ་དང་བརྩམས་ཆོས་འགྲན་བསྡུར་ཆེ་མོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་པེ་ཅིང་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་འཐུས་མི་རུ་ཁག་ནི་རང་ལྗོངས་ནས་འདེམས་སྒྲུག་བྱས་རྗེས་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཚུད་པའི་སློབ་འབྲིང་སློབ་མའི་རུ་ཁག་གཅིག་པུ་དེ་ཡིན་པ་མ་ཟད། ད་དུང“རིག་ནུས་ཚོད་འཛིན”རྣམ་གྲངས(སློབ་འབྲིང་ཚོགས་ཆུང)ནང་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེ་མོ་འདི་2013ལོར་གཉེར་བ་ནས་ད་བར་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ནང་དོན་དང་རྣམ་པའང་རྒྱུན་ཆད་མེད་པར་གསར་གཏོད་བྱས་པས་རྒྱལ་ཡོངས་ཀྱི་སློབ་གླིང་ཁག་ཏུ་ཤུགས་རྐྱེན་ཐེབས་ཤུགས་ངེས་ཅན་ལྡན་ཡོད། འདི་ལོ་འགྲན་བསྡུར་ཆེ་མོས་ཡན་ལག་འགྲན་ཁུལ་ཁག་15བཙུགས་པས་རྒྱལ་ཡོངས་ཀྱི་རུ་ཁག་22000གི་སློབ་ཆེན་སློབ་མ་དང་སློབ་འབྲིང་སློབ་མ་ཁྲི་6ལྷག་ཙམ་བྱེད་སྒོ་དེར་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།