རྒྱ་རྩིས་སྟོན་ར་ཤིང་ཕོ་སྤྲེལ་ཟླ་ཆེ་བ། ཚེས་3ལུག་གི་ལྔ་ཆ་ལྔ་ནས་དབྱར་ཐོག་མའི་རང་སྒང་ཟིན། རྒྱ་ནག་ཏུ་འབྲུ་ཙི་ཙི་འདེབས་རན། དབྱར་ཚད་འཕེལ། བབས་ན་མུ་མཐུད་ཞོད། གསར་སྔ་མ་ལ་སྙེ་ཐོ་ཚུགས། ཚེས་བདུན་ལ་སྟོན་མཆོག་སྐུ་བལྟམས་པ་དང་ཚེས་བཅོ་ལྔ་ལ་རྫོགས་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན། ཚེས་19ཁྱིའི་ལྔ་ཆ་གསུམ་ནས་ཕྱི་ཟླའི་དབུགས་ཐོབ། རྩི་ཏོག་ཐོག་མ་རྒྱས། དུས་ཐོག་ཏུ་ཆུ་གཏོང་བ་དང་། ལུད་ཚད་གཞི་དང་མཐུན་པ་རྒྱག་དགོས། མུ་མཐུད་རྩྭ་ངན་འཐོག་རྒྱུ་དང་། ཁ་ལུད་འགྲེམ་རྒྱུ། ཆུ་འདྲེན་གཏོང་། དེ་མིན་འབུ་སྐྱོན་དང་ཐན་སྐྱོན་སྔོན་འགོག་ལ་དོ་སྣང་བྱེད་དགོས། ཚེས་19གླང་གི་ལྔ་ཆ་བཞི་ནས་དབྱར་ཉི་ལྡོག །ལྷ་སར་ཆུ་ཚོད་དྲུག་དང་སྐར་མ་ང་བདུན་ལ་ཉི་མ་ཤར། ཆུ་ཚོད་ཉི་ཤུ་དང་སྐར་མ་ང་བདུན་ལ་ཉི་མ་བཞུད། ལོག་ཞག་ཉེར་གཅིག་རིང་ལྷོ་མོན་དང་ཀོང་རོང་ཁུལ་དུ་ལོག་ཆར་མང་། དབུས་གཙང་ཁུལ་དུ་ཐན་ཞོད་ཡ་ཡུད་ཆེ།
སྤྱི་ལ་ཟླ་འདིར་འབྱུང་བ་ཆུ་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་ཆར་འབབ་ཚད་འབྲིང་། བྱེ་བྲག་ཚེས་5ནས་ལྷག་པ་རྣམ་འདྲེན་སྐར་མར་སྤྱོད་པ་དང་སངས་བདུན་ལྷག་པ་གནས་པས་དབུས་ཕྱོགས་སུ་སོས་ཆར་བཟང་ངོ་དང་། ཤར་དང་ཤར་ལྷོའི་ཁུལ་དུ་ཆར་རླུང་འཚུབ་པ་དང་ཐོག་གློག་འཁྱུག་པའི་ངོ་། ཟླ་མཇུག་ནས་ཟླ་བ་དྲུག་པའི་ཟླ་དཀྱིལ་བར་ཉི་མིག་ཤར་སྐར་ལ་སྤྱོད་པས་ཤར་ཕྱོགས་ཐན་ལ་ལྷོ་བྱང་མཚམས་སུ་ཞོད། སྤྱིའི་འབབ་ཚེས་3、5、10、11、15、17、18、19、20、22、24、25、29བཅས་ཀྱི་སྐོར་ལ་ཡིན།