དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དཔལ་འབར་རྫོང་དུ་མཚན་མོའི་སློབ་གྲྭ་བཙུགས་ཏེ་གྲོང་ཚོའི་ལས་བྱེད་པའི་ཤེས་རྒྱ་ཆེ་རུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-02

    ད་ཕན་ལོ་ཤས་རིང་དཔལ་འབར་རྫོང་གིས་གྲོང་ཚོའི(གྲོང་ལྷན)“མཚན་མོའི་སློབ་གྲྭའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྫོང་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ཆབ་སྲིད་དང་བསམ་བློ། རིག་གནས་བཅས་ཀྱི་བྱང་ཚད་མཐོ་རུ་བཏང་ཐོག གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་གཞི་རིམ་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་བ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)11གི་གྲོང་ཚོ(གྲོང་ལྷན)82ལ“མཚན་མོའི་སློབ་གྲྭ”བཙུགས་ནས་སློབ་སྦྱོང་གསོ་སྦྱོང་ཐེངས་200ལྷག་ཙམ་བྱས་པ་དང་གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་པ་ཏང་ཡོན་དང་མང་ཚོགས་མི་ཐེངས་20000ལ་གསོ་སྦྱོང་བྱས་པ་རེད།

    འགོ་ཁྲིད་སྒྲིག་འཛུགས་ཀྱིས་ཁ་ཕྱོགས་གསལ་པོ་བཏོན་པ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཆིག་ཁྲིའི་རིག་གནས་བྱང་ཚད་མཐོར་གཏོང་འདུ་འགོད་དང་ཟུང་འབྲེལ་བྱས་ནས《གྲོང་ཚོའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དོ་དམ་བྱེད་ཐབས》དང《གྲོང་ཚོའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དཔྱད་ཞིབ་ལམ་སྲོལ》སོགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ“མཚན་མོའི་སློབ་གྲྭའི”ལས་དོན་ཏང་འཛུགས་སྐྱོང་གི་དུས་ཚིགས་གསལ་ཐོ་དང་ཏང་འཛུགས་སྐྱོང་གི་ལོ་མཇུག་གི་དཔྱད་ཞིབ་ནང་བཅུག་ཡོད། སྤྱི་ཡོངས་ཀྱི་ལས་ཀའི་ཇུས་གཞི་བཀྲམ་ནས་ཤང(གྲོང་རྡལ)ཁག་དང་གྲོང་ཚོ(གྲོང་ལྷན)ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་འཆར་གཞི་བཟོས་ཏེ་ལས་དོན་ཆེད་དོན་ཚན་ཁག་བཙུགས་པ་དང་མི་སྣའི་འགན་འཁྲི་ཁག་བགོས་དང་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་ཐོག་ལས་དོན་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་ཁ་གསལ་བཟོས་པ། ཤང(གྲོང་རྡལ)ཁག་དང་གྲོང་ཚོ་ཁག(གྲོང་ལྷན)ཁག་གིས་དུས་ཐོག་ཏུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་བ་ཨང་དང་པོ་བྱས་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ་དུས་ངེས་མེད་དུ་གསོ་སྦྱོང་བྱ་ཡུལ་ལ་རྒྱུགས་ལེན་ཚོད་ལྟ་བྱེད་པ་དང“མཚན་མོའི་སློབ་གྲྭའི”གསོ་སྦྱོང་ཕན་འབྲས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་འོག་གྲོང་ཚོ(གྲོང་ལྷན)ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་མའི་མིང་ཐོ་དང་སློབ་མའི་ཡིག་ཚགས་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་མའི་སློབ་ཞུགས་ཞིབ་བཤེར་དང་དགོངས་ཞུ་སོགས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པས“མཚན་མོའི་སློབ་གྲྭའི”སློབ་སྦྱོང་གསོ་སྦྱོང་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    ལག་བསྟར་ནུས་ལྡན་བྱས་ཏེ་དམིགས་ཡུལ་གསལ་པོ་བཟོས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། ཆབ་སྲིད་བསམ་བློའི་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་ཁྲིད། སྲིད་ཇུས་ལས་སྒོ་གསོ་སྦྱོང་སོགས་ཀྱི་ནང་དོན“མཚན་མོའི་སློབ་གྲྭའི”སློབ་ཚན་ནང་བཅུག་སྟེ་མཐོང་འདོད་ཉན་སྤྲོ་དང་གསོན་ཉམས་དོད་ལ་དགོད་བྲོ་བའི་ཐབས་ལམ་ལ་བརྟེན་ནས་སློབ་གསོ་དྲིལ་བསྒྲགས་གསོ་སྦྱོང་བྱས་ཏེ“མཚན་མོའི་སློབ་གྲྭའི”ཕན་འབྲས་ཆེ་རུ་བཏང་ཡོད། དུས་མཚུངས་ཁག་ཐེངས་དབྱེ་བ་དང་དམིགས་ཡུལ་ཡོད་པའི་སྒོ་ནས“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་། གྲོང་ཚོའི་རྗེས་གྲབས་ལས་བྱེད་པ། ཞིང་འབྲོག་པའི་ཏང་ཡོན་དང་མང་ཚོགས་བཅས་སྒྲིག་འཛུགས་བྱས་ཏེ་སློབ་གསོ་གསོ་སྦྱོང་དང་དྲིལ་བསྒྲགས་བྱས་ཐོག་སློབ་གསོ་གཏང་ཡུལ་ཡོངས་ལ་ཁྱབ་ཐུབ་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།