
འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་སྤང་རྒྱན་མེ་ཏོག་སྒྱུ་རྩལ་ཚོགས་པས་རྒྱལ་ཡོངས་ཀྱི་ལྟད་མོ་བར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་ཉམས་བཟང་མངོན་པར་བྱས་ཡོད།
བོད་ལྗོངས་མི་རིགས་སློབ་ཆེན་ནི་མི་རིགས་མི་འདྲ་བ་32དང་དགེ་སློབ་ཁྲི་ཟིན་པའི་མཐོ་སློབ་ཅིག་ཡིན་ཞིང་། ལོ་60ཡི་སློབ་གཉེར་བྱེད་རིང་སློབ་གྲྭས་ཏང་གི་སློབ་གསོའི་མཛད་ཕྱོགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཟླ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ནང་དོན་དང་བྱ་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་། མི་རིགས་ཁག་གི་སློབ་མའི་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་བ། སློབ་གྲྭས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི”དཔེ་སྟོན་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་ལས་དོན་གྱི་དམིགས་ཡུལ་བསྒྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཞིང་།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《2019ལོའི་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་ལག་བསྟར་ཇུས་གཞིའི》ནང་དོན་གཙོ་བོར་འགྲེལ་བཤད་བརྒྱབ་སྟེ་གསར་གཏོད་ལས་དོན་གྱི་ལས་འགན་དང་ལས་བགོས་སྔར་བས་ཁ་གསལ་བཟོས་ཡོད། ཚོགས་ཞུགས་ཚན་པས《ལག་བསྟར་ཇུས་གཞིར》གྲོས་བསྡུར་བྱས་པ་དང་འབྲེལ་བཟོ་བཅོས་གྲོས་འགོ་དང་བསམ་འཆར་བཏོན་པ་རེད།