དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • 2019ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-05-23

    མཚོ་སྔོན་གསར་འགྱུར་དྲ་བ་དང་མཚོ་སྔོན་གསར་འགྱུར་དུད་སྣེའི་ཐོག་གནས་ཚུལ་སྤེལ་བར། ཟླ་5ཚེས་19ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་དང་། ཞིང་ཨུད་དྲིལ་བསྒྲགས་པུའུ། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་2019ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་རྒྱལ་ཡོངས་དང་དུས་གཅིག་ཏུ་སྤེལ་ཞིང་། ད་ཐེངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དེ“ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་ཁྱབ་གདལ་གྱི་དམངས་ཕན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཟླ་5ཚེས་19ནས་26ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་སྤེལ་རྒྱུ་རེད།

    བྱེད་སྒོའི་རིང་། འབྲེལ་ཡོད་ཚན་པ་ཁག་གིས་ཞིང་ཆེན་ཡོངས་སུ་སྣ་མང་ཕུན་སུམ་ཚོགས་པའི་ཚན་རྩལ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས་གྲུབ་འབྲས་གསར་པ་དང་། ལག་རྩལ་གསར་པ། ཐོན་རྫས་གསར་པ། ཞབས་ཞུ་གསར་པ་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་། དམངས་ཡོངས་ཀྱི་ཚན་རིག་འདུ་ཤེས་དང་། ཚན་རྩལ་ནུས་པ། ཚན་རིག་བྱང་ཚད་བཅས་མཐོ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་ལས་གཏོད་ནུས་པ་སྐུལ་སྤེལ། རིག་གནས་གསར་གཏོད་ཀྱི་རྣམ་པ་གཏོད་པ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སྐུལ་སློང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ནང་ཧུར་ཐག་ཞུགས་པ། དེ་བས་མང་བ་དང་དེ་བས་ཡོངས་ཁྱབ་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་བསྐྲུན་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐང་རྒྱུ་རེད།

    ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་གི་ཚོགས་ར་གཙོ་བོའི་ནང་ཀྲུང་གོ་ཚན་རིག་ཁང་ཚྭ་མཚེའུ་ཞིབ་འཇུག་སུའོ་དང་། ཞིང་ཆེན་ས་ཡོམ་ཅུས། ཞིང་ཆེན་མི་དམངས་སྨན་ཁང་། ཞིང་ཆེན་ཚན་རྩལ་ཁང་། ཞིང་ཆེན་ཞིང་ནགས་ཚན་རིག་ཁང་། ཞིང་ཆེན་ས་གཤིས་རྩད་ཞིབ་ཐིག་ལེན་ཆ་འཕྲིན་ཁང་། ཏ་ཐུང་རྫོང་གི་འབྲེལ་ཡོད་སྡེ་ཚན་བཅས་ཚན་རྩལ་ཁྱབ་གདལ་ལས་དོན་པ་150ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ས་གནས་དེ་གའི་མང་ཚོགས་ལ་མི་མེད་གནམ་གྲུས་པར་ལེན་དང་། 5Dགློག་བརྙན་ཁང་། ཚན་རྩལ་ཁྱབ་གདལ་གྱི་རླངས་འཁོར། ས་གནས་ས་ཐོག་ཏུ་འོས་འགན་སྨན་བཅོས། ཚན་རིག་བརྩམས་ཆོས། ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་སོགས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་བྱེད་སྒོའི་གཟའ་འཁོར་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་རུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    “ཚན་རྩལ་བྱེད་སྒོའི་གཟའ་འཁོར”ནི་མང་ཚོགས་རང་བཞིན་གྱི་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་གལ་ཆེན་ཞིག་དང་། ཚན་རྩལ་ཁྱབ་གདལ་ལས་དོན་གྱི་བྱེད་ཐབས་གལ་ཆེན་ཞིག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་ཚན་རྩལ་བྱེད་སྒོ་གལ་ཆེན་ཞིག་བཅས་ཡིན་པ་དེས་ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་། ཚན་རིག་གི་བསམ་བློ་དྲིལ་བསྒྲགས། ཚན་རིག་རིག་གནས་བརྒྱུད་བསྒྲགས། ཚན་རིག་ཤེས་བྱ་ཁྱབ་གདལ། གསར་གཏོད་ལས་གཏོད་དར་སྤེལ་གཏོང་བ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ནང་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བཀྲག་མདངས་འཚེར་ས་གཅིག་སྡུད་བྱས་ཡོད་ལ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་མཁའ་རླུང་གི་སྤུས་ཚད་དང་། བཟའ་བཅའི་བདེ་འཇགས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མེ་ཟོན་བདེ་འཇགས། ཡོམ་འགོག་དང་གནོད་འཚེ་ཆུང་གཏོང་། འཕྲལ་སྡོམ་ཉེན་སེལ། ཐཱན་ཉུང་དང་ནུས་རྒྱུ་གྲོན་ཆུང་། བདེ་ཐང་འཚོ་བ་སོགས་གླེང་མང་བའི་གནད་དོན་ཡོད་པ་དང་མི་སེར་ཚོས་དང་ལེན་བྱེད་བདེ་བའི་བྱེད་ཐབས་ཐོག་ནས་ཚན་རྩལ་དྲིལ་བསྒྲགས་བྱས་པ་མ་ཟད། ཞིང་ལས་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་དང་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་ཀྱི“གཤམ་སྤེལ་བརྒྱད”ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ། གྲུབ་འབྲས་གསར་པ་དང་། ལག་རྩལ་གསར་པ། ཐོན་རྫས་གསར་པ། ཞབས་ཞུ་གསར་པ་བཅས་གཅིག་སྡུད་འགྲེམས་སྤེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།