ཉེ་ཆར། གསར་འགོད་པས་ལྗོངས་ཡོངས་ཀྱི་སྨན་རྫས་ལྟ་འདོམས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྨན་རྫས་ལྟ་འདོམས་ཁོངས་གཏོགས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ“གློད་སྡོམ་ཞབས”གསུམ་གཏིང་ཟབ་ཏུ་བཏང་ནས་སྨན་རྫས་ཐོན་ལས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཁོངས་གཏོགས་ཀྱིས་ཞིབ་མཆན་འགོད་པའི་དོན་ཚན་72ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ་གོ་རིམ་སྔར་བས་ལེགས་སུ་དང་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་རེད། ལོ་འཁོར་མོར་སྨན་རྫས་དང་། སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྦྱོར་རྟ། སྨན་བཅོས་ཡོ་བྱད་ཐོན་རྫས། བྱུག་རྫས་ཐོ་འགོད། ཐོ་འགོད་སྙན་སེང་སོགས་རིགས་1797ལེགས་སྒྲུབ་བྱས་པ་དང་། སྨན་རྫས་དང་། སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྦྱོར་རྟ། སྨན་བཅོས་ཡོ་བྱད་བཅས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་65སྤྲད་པ་རེད།