དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་དུ་འགྱུར་ཚད་ཆེས་ཆེར་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-09

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱིས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་སྟངས་འཛིན་ཡང་དག་བྱ་ཆེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་མངག་བཅོལ་བྱས་ནས་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད་ཞིང་འབྲོག་ལས་ཚན་རྩལ་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་49%ཟིན་པས་ཚན་རིག་ལག་རྩལ་གྱིས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་ནི་ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལ་ལེགས་སྐྱེས་འབུལ་བའི་བགོ་སྐལ་རེད། རང་བྱུང་གི་རྒྱུ་རྐྱེན་དང་སྲིད་ཇུས་སོགས་ཀྱི་ནུས་པ་ཕུད་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ཕྱོགས་གཉིས་ཐད་ནས་བྱུང་བ་སྟེ། ཐོན་སྐྱེད་ཀྱི་གཏོང་ཆ་འཕར་བ་དང་ཚན་རྩལ་ཡར་ཐོན་ལས་བྱུང་བའི་གཏོང་ཆ་དང་ཐོན་སྐྱེད་ཀྱི་བསྡུར་གྲངས་ཆེ་རུ་ཕྱིན་པ་དེ་ཡིན། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ཚན་རྩལ་ཡར་ཐོན་ལས་བྱུང་བའི་གཏོང་ཆ་དང་ཐོན་སྐྱེད་ཀྱི་བསྡུར་གྲངས་ནི་དུས་ཀྱི་འཁོར་ཕྱོགས་དང་བསྟུན་ནས་འགྱུར་ལྡོག་འགྲོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།