དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ཐོག་མར་འཛུགས་སྐྲུན་ཆོག་མཆན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-28

    ཉེ་ཆར་ཞིང་ལས་པུའུ་ལྗང་མདོག་བཟའ་བཅའ་དོ་དམ་གཞུང་ལས་ཁང་དང་ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་དཔྱད་ནན་པོ་བྱས་རྗེས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྒྱལ་ཡོངས་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིར་ཆོག་མཆན་ཐོབ་ནས་གསར་འཛུགས་དུས་སུ་སླེབས་པ་དང་གསར་འཛུགས་བྱེད་ཡུན་ལོ་གཉིས་ཡིན་པ་རེད། རྟེན་གཞི་བསྐྲུན་རྗེས་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ལྗང་མདོག་བཟའ་བཅའི་ལས་སྣོན་ཁེ་ལས་ལ་མ་བཅོས་རྒྱུ་ཆ་མཁོ་འདོན་བྱས་ཏེ། བོད་ཀྱི་ནས་ཀྱི་ཐོན་ལས་རྩེར་སོན་ཡོང་བར་རམ་འདེགས་དང་། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་པ་རེད།

    རྒྱལ་ཡོངས་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ནི་ལྗང་མདོག་བཟའ་བཅའ་ཐོན་ཡུལ་གྱི་ཁོར་ཡུག་གི་སྤུས་ཚད་ཚད་གཞི་ལོན་པ་དང་། ལྗང་མདོག་བཟའ་བཅའི་ལག་རྩལ་ཚད་གཞི་དང་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་མ་ལག་སོགས་ཀྱི་བླང་བྱར་གཞིགས་ཏེ་ཐོན་སྐྱེད་དང་དོ་དམ་བྱེད་པ་དང་། རྟེན་གཞིའི་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བེད་སྤྱོད་ནུས་ལྡན་བྱས་ཏེ་གཞི་ཁྱོན་རགས་ཙམ་ལྡན་པ་མ་ཟད། ཞིང་ལས་པུའུ་ལྗང་མདོག་བཟའ་བཅའི་དོ་དམ་གཞུང་ལས་ཁང་དང་ཀྲུང་གོ་ལྗང་མདོག་བཟའ་བཅའི་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་འདེབས་འཛུགས་ཁུལ་ཁོངས་སམ་གསོ་ཚགས་ར་བར་བརྗོད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནི་བོད་ལྗོངས་ཀྱི་ནས་ཀྱི་ཐོན་འབབ་ལེགས་པའི་ལྟེ་བའི་ཁུལ་དུ་གནས་པས། རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་བསྐྲུན་པའི་ཆ་རྐྱེན་ཡག་པོ་ལྡན་ཡོད། གསར་འགོད་པར་རང་སྐྱོང་ལྗོངས་ལྗང་མདོག་བཟའ་བཅའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་2021ལོར་སླེབས་སྐབས་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་5བསྐྲུན་ནས་ཁོར་ཡུག་ཆ་རྐྱེན་ཅུང་ཡག་པ་དང་། ནས་ཐོན་སྐྱེད་གཞི་ཁྱོན་ཅུང་ཆེ་བའི་ཤང་གྲོང་བདམས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ(ནས)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་བསྐྲུན་རྒྱུའི་འཆར་གཞི་འགོད་པ་དང་། ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་ཚད་ལྡན་ཅན་ཐོན་སྐྱེད་རྟེན་གཞིའི་བླང་བྱ་གཞིར་བཟུང་གསར་འཛུགས་ཀྱི་ལས་འགན་རིམ་བཞིན་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    “དཔེ་སྟོན་དང་དཔེ་མཚོན་གྱིས་སྣེ་ཁྲིད་བྱས་ཏེ་ལྗང་མདོག་བཟའ་བཅའ་ཐོན་སྐྱེད་ཀྱི་ཚད་གཞི་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཐོན་སྐྱེད་ལག་རྩལ་གསར་པ་ལག་བསྟར་དང་ཞིབ་འཇུག་བྱེད་པ། བོད་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་དཔང་བདེན་ར་སྤྲོད་ལ་སྐུལ་ཁྲིད་བྱེད་པ་བཅས་བྱས་ནས་ལྗང་མདོག་བཟའ་བཅའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ལྗང་མདོག་བཟའ་བཅའི་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧའེ་ཡིས་བརྗོད། རྒྱལ་ཡོངས་ལ་བལྟས་ཚེ་ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིས་ཞིང་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་ཁྲིད་དང་། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ཚོང་འབྲེལ་མཐུད་དང་སྤུས་ལེགས་གོང་ཁེ། ཞིང་པར་འབབ་འཕར་དང་ཞིང་ལས་ཐོན་འཕར་ཡོང་བར་སྐུལ་གཏོང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པ། ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།