དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞིབ་འཇུག་ལས་ལོ་ཁྲི་2000ལྷག་གི་གོང་བོད་ཀྱི་གངས་རིན་པོ་ཆེའི་གཤོངས་སའི་ས་བབ་སྨི་3000ཡང་ཟིན་གྱི་མེད་པ་ཤེས་རྟོགས་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-01-22

     གསར་འགོད་པར་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་རབས་སྐྱེ་དངོས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོའི་ས་གཤིས་སློབ་ཆེན(ཝུའུ་ཧན)དང་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་རབས་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་མི་སྣ་མཉམ་ལས་བྱས་ཏེ་སྐྱེ་དངོས་འགྱུར་རྡོར་དབྱེ་ཞིབ་བརྒྱུད་ལོ་ཁྲི་2000ལྷག་གི་གོང་བོད་ཀྱི་གངས་རིན་པོ་ཆེའི་གཤོངས་སའི་ས་བབ་མཐོ་ཚད་སྨི་3000ཡང་ཟིན་གྱི་མེད་པ་རེད། ཤེས་རྟོགས་དེས་མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་རུ་འགྲོ་ཚུལ་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    གངས་རིན་པོ་ཆེའི་གཤོངས་ས་དེ་ལྷ་སའི་ལྷོ་རྒྱུད་ཀྱི་གངས་ཏི་སེའི་རི་རྒྱུད་ཀྱི་གཤོངས་སར་གནས་ཡོད། དེ་གོང་ཞིབ་འཇུག་འབྲས་བུ་ལས་གངས་ཏི་སེའི་རི་རྒྱུད་དེ་ལོ་ཁྲི་5500ཡི་གོང་ནས་སྨི་4500བར་མཐོ་རུ་ཕྱིན་ཏེ་ད་ལྟའི་ས་བབ་མཐོ་ཚད་དང་འདྲ་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ད་ཐེངས་ཀྱི་ཞིབ་འཇུག་ལས་ཚན་ཞིབ་མི་སྣར་ཤེས་རྟོགས་མི་འདྲ་བ་བྱུང་ཡོད། ཞིབ་འཇུག་ཚོགས་པས་གངས་རིན་པོ་ཆེའི་གཤོངས་སར་ཧ་ཅང་མཛེས་པའི་གནའ་བོའི་འགྱུར་རྡོའི་སྐྱེ་དངོས་ཚོགས་ཤིག་ཐོག་མར་ཤེས་རྟོགས་བྱུང་ཡོད། འགྱུར་རྡོར་དབྱེ་ཞིབ་བྱས་པ་ལས། སྐྱེ་དངོས་འགྱུར་རྡོ་དེ་དག་ལ་ད་བར་ལོ་ཁྲི་2300ཡི་ལོ་རྒྱུས་ལྡན་ཡོད། དེའི་ཁྲོད་སྦྱར་པ་དང་། སྲན་རིགས་སྐྱེ་དངོས། གསོམ་ཤིང་སོགས་ཀྱི་རིགས་མང་བའི་སྔོ་ཁེབས་ཚུད་ཡོད། དེ་ཐོག་ནས་ལོ་ཁྲི་2300ཡི་གོང་དུ་དེ་གར་ནགས་ཤིང་གིས་ཁེངས་པ་ཤེས་ཐུབ།

    “གངས་རིན་པོ་ཆེའི་གཤོངས་ས་ནི་མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་རུ་འགྲོ་བའི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པའི་ས་ཁུལ་གལ་ཆེན་གྱི་གྲས་ཤིག་ཡིན། མཚོ་བོད་ས་མཐོར་ག་དུས་ས་བབ་མཐོ་རུ་འགྲོ་བ་དང་ཇི་ལྟར་བྱས་ནས་མཐོ་རུ་འགྲོ་བར་ཤེས་རྟོགས་བྱས་ཏེ་ས་གོ་ལའི་གྲུབ་ཚུལ་གྱི་འགུལ་སྐྱོད་བརྒྱུད་རིམ་ལ་ཤེས་རྟོགས་དང་དེ་བཞིན་མིའི་རིགས་ཚུད་པའི་སྐྱེ་དངོས་ཚང་མར་ཤུགས་རྐྱེན་ཐེབས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ད་ཐེངས་ཀྱི་ཞིབ་འཇུག་ནང་ཞུགས་མཁན་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཧྲི་ཀུང་ལི་ཡིས་བཤད།

    འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་དུས་རྒྱལ་སྤྱིའི་ས་གཤིས་རིག་པའི་དུས་དེབ《སན་ཀུའུ》ཡི་ཐོག་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།