དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞོགས་པ་ཆུ་ཚ་གྲང་ཇི་འདྲ་འཐུང་དགོས་མིན་གྱི་ལན་འདིར་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2018-11-27

    ཞོགས་པ་མལ་ལས་ལངས་མ་ཐག་ཆུ་ཚ་པོ་པི་ཙི་གང་འཐུང་བའི་གོམས་གཤིས་བཟང་པོ་ཞིག་དུས་ཚོད་ཅི་ནས་དར་བ་ད་ལྟ་གསལ་པོ་ཤོད་རྒྱུ་མེད། ཡིན་ནའང་གོམས་གཤིས་དེས་ལུས་པོར་ཆུ་གསབ་ཐུབ་པ་མ་ཟད། ཐ་ན་ལུས་ཤ་སྐམ་དུའང་གཏོང་ཐུབ་ཀྱི་ཡོད་ཅེས་བརྗོད་སྲོལ་འདུག 

    ཀྲུང་ལུགས་གསོ་རིག་མཁས་ཅན་གྱིས་ཞོགས་པ་ལྟོ་སྟོང་ལ་ཆུ་གྲང་མོ་བཏུངས་ཚེ། ལུས་ཀྱི་ཚ་དྲོད་འཇོམས་པས་གཟུགས་གཞིར་གནོད་པ་ཆེ་ཞེས་པ་དེའང་རྒྱུ་མཚན་མེད་པ་ཞིག་མིན། གང་ལགས་ཤེ་ན། ཞོགས་པ་ནི་མེ་དྲོད་གསོ་བའི་དུས་ཡིན་པས། གལ་ཏེ་ཆུ་གྲང་མོ་བཏུངས་ཚེ་དོན་སྣོད་ལ་གནོད་པ་མ་ཟད། ཡུན་རིང་པོ་ཕྱིན་ཚེ་གཟུགས་གཞི་བདེ་ཐང་ལའང་གནོད་པ་ཆེའོ། 

    ཡིན་ནའང་། ཆུ་དྲོད་འཇམ་བཏུང་མི་ཆོག་བརྗོད་ན་མི་འཚམ་པས། ལྟོ་སྟོང་ལ་ཆུ་དྲོད་འཇམ་བཏུངས་ཚེ་ཕོ་རྒྱུར་ཕན་ལ་བཙོག་པའང་གཤོང་ཐུབ་ཀྱི་ཡོད། ད་འོ་ན། ཞོགས་པ་ཆུ་དྲོད་འཇམ་བཏུངས་ཚེ་ལུས་པོར་ཕན་པ་གང་ཡོད་ཅེ་ན། ཆུ་དྲོད་འཇམ་གྱི་དྲོད་ཚད་དེ་ལུས་པོའི་ཚ་དྲོད་དང་མཚུངས་པས། ཕོ་བས་འཇུ་སླ་པོ་ཡོད། 

    1. ཞོགས་པ་ཆུ་འཁོལ་བཏུངས་ན་ཕན་པ་གང་ཡོད་དམ། 

    (1)ཕོ་རྒྱུ་གཙང་སེལ་བྱེད་ཐུབ་པས། ཕོ་བ་བདེ་རུ་འགྲོ་གི་ཡོད། 

    (1)ཕྲ་ཕུང་གི་རྙིང་དོར་གསར་ལེན་ལ་སྐུལ་བའི་ཁར། ལུས་པོའི་ཉོབ་སྟངས་རྦད་དེ་བསད་དེ་གྲུང་ཤ་དོད་པོར་འགྱུར་གྱི་ཡོད།  

    (1)ཁྲག་གར་པོ་སླ་རུ་དང་ཁྲག་ཤེད་དམའ་རུ་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་ཡོད། 

    2.ཞོགས་པར་ཆུ་མང་ཉུང་ག་ཚོད་བཏུངས་དགོས་སམ་ཞེ་ན། 

    མི་མང་པོ་ཞིག་གིས་ངོས་ནས་བརྗོད་ན། ཞོགས་པ་ཆུ་ཧའོ་ཧྲེང་150ནས་200བར་ཚད་དང་མཐུན་པ་ཞིག་འཐུང་བ་ལས་མང་པོ་བཏུངས་མི་རུང་། གལ་ཏེ་ཚད་ལས་འགལ་ཚེ་ཕོ་བའི་འཇུ་ཚད་ཆེ་རུ་བཏང་བས་ཕོ་བ་མི་བདེ་བ་ཡོང་གི་ཡོད། ཡིད་གཟབ་བྱེད་དགོས་པ་ཞིག་ལ་ཁྲག་ཤེད་མཐོ་པོ་ཡིན་མཁན་གྱིས་ཚད་དེ་ལས་གཏན་ནས་འགལ་མི་རུང་། 

    3.ཞོགས་པའི་ཆུ་པི་ཙི་གང་དེ་དུས་མཚམས་གང་ཞིག་ལ་འཐུང་དགོས་སམ། 

    སོ་མ་འཁྲུད་གོང་ཆུ་བཏུངས་ཚེ། ཁ་ནང་གི་འབུ་ཕྲ་ཁོག་པར་སོང་ནས་ལུས་པོའི་བདེ་ཐང་ལ་མི་ཕན་པ་དང་། ཞོགས་ཟས་ཚར་ནས་ཆུ་བཏུངས་ནའང་ཕོ་རྒྱུ་གཙང་སེལ་གྱི་ནུས་པ་ཐོན་མི་ཐུབ་པས། སོ་འཁྲུས་རྗེས་དང་ཞོགས་ཟས་མ་ཟས་གོང་གི་དུས་ཚོད་དེ་ནི་ཞོགས་པའི་ཆུ་འཐུང་བའི་དུས་ཚོད་ཡག་ཤོས་ཤིག་རེད། དེར་བརྟེན་ཞོགས་པ་ཆུ་དྲོད་འཇམ་འཐུང་བའི་གོམས་གཤིས་ཤིག་འཇགས་ན་སྐུ་ཉིད་ཀྱི་བདེ་ཐང་ལ་ཕན་པ་ཆེའོ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།